- dwags po mkhan chen ngag dbang grags pa
- ID:
- T233369
- དྭགས་པོ་མཁན་ཆེན་ངག་དབང་གྲགས་པ (Tibetan, Tibetan script, Original)
- > dwags po mkhan chen ngag dbang grags pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > dakpo khenchen ngawang drakpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྗེ་འདི་ནི་དྭགས་པོ་མདའ་རུ་སྤྱི་ལའི་དུས་རབས་བཅོ་ལྔ་པའི་ནང་སྐུ་འཁྲུངས། སྐུ་གཞོན་དུས་ནས་རབ་ཏུ་བྱུང་སྟེ་ཡི་གེ་འབྲི་ཀློག་ལ་ཐུགས་བརྩོན་མཛད། དེ་ནས་རྗེ་བློ་གྲོས་འཕེལ་བའི་ཞབས་ལ་གཏུགས་ཏེ་ཕར་ཚད་གསན། སེ་ར་བྱེས་གྲྭ་ཚང་དུ་ཕེབས་ནས་གཞུང་ཆེན་པོ་ཏི་རྣམས་ལ་སྦྱངས་པ་དཔྱིས་ཕྱིན་གནང་བས་མཁས་པའི་གྲགས་པ་ཐོབ། རྒྱུད་སྨད་དུ་རྒྱུད་ཆེན་རྒྱ་མཚན་བཟང་པོ་ལས་གསང་འདུས་འགྲེལ་པ་བཞི་སྦྲགས་གསན། དགའ་ལྡན་དུ་རྗེ་ཆོས་སྐྱོང་རྒྱ་མཚོའི་དྲུང་དུ་འཇིགས་བྱེད་དུས་འཁོར་སོགས་གསན། རྒྱུད་སྨད་ཀྱི་ཁྲིར་ཕེབས། དེ་ནས་དྭགས་པོ་གྲྭ་ཚང་གི་ཁྲི་ཐོག་གཉིས་པ་མཛད། གསུང་རྩོམ《རྟེན་འབྲེལ་བསྟོད་པའི་ཊཱཀྐ》དང་། 《འདུལ་བ་རྒྱ་མཚོའི་རྣམ་བཤད་གཞན་ཕན》 《རྗེ་བརྩུན་འཕགས་པ་ལྟལྷའི་གསུང་ལན་དུ་བསྲིངས་པ་ལམ་བཟང་སྙིང་པོ་གསལ་བའི་མེ་ལོང》 《དུས་འཁོར་བསྐྱེད་རིམ》 《གསང་བ་འདུས་པའི་རིམ་པ་དང་པོའི་རྣམ་བཤད་》སོགས་པོད་འབྲིང་གསུམ་ཙམ་མཛད། འདས་ལོ་དང་མཛད་རྣམ་ཞིབ་པ་མ་རྙེད།
- language:
- Tibetan
2. Thupten Phuntsok Dictionary
རྗེ་འདི་ནི་དྭགས་པོ་མདའ་རུ་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་ནང་སྐུ་འཁྲུངས། སྐུ་གཞོན་དུས་ནས་རབ་ཏུ་བྱུང་སྟེ་ཡི་གེ་འབྲི་ཀློག་ལ་ཐུགས་བརྩོན་མཛད། དེ་ནས་རྗེ་བློ་གྲོས་འཕེལ་བའི་ཞབས་ལ་གཏུགས་ཏེ་ཕར་ཚད་གསན། སེ་ར་བྱེས་གྲྭ་ཚང་དུ་ཕེབས་ནས་གཞུང་ཆེན་པོ་ཏི་རྣམས་ལ་སྦྱངས་པ་དཔྱིས་ཕྱིན་གནང་བས་མཁས་པའི་གྲགས་པ་ཐོབ། རྒྱུད་སྨད་དུ་རྒྱུད་ཆེན་རྒྱལ་མཚན་བཟང་པོ་ལས་གསང་འདུས་འགྲེལ་པ་བཞི་སྦྲགས་གསན། དགའ་ལྡན་དུ་རྗེ་ཆོས་སྐྱོང་རྒྱ་མཚོའི་དྲུང་དུ་འཇིགས་བྱེད་དུས་འཁོར་སོགས་གསན། རྒྱུད་སྨད་ཀྱི་ཁྲིར་ཕེབས། དེ་ནས་དྭགས་པོ་གྲྭ་ཚང་གི་ཁྲི་ཐོག་གཉིས་པ་མཛད། གསུང་རྩོམརྟེན་འབྲེལ་བསྟོད་པའི་ཊཱིཀྐ》དང་། འདུལ་བ་རྒྱ་མཚོའི་རྣམ་བཤད་གཞན་ཕན》 རྗེ་བཙུན་འཕགས་པ་ལྷའི་གསུང་ལན་དུ་བསྲིངས་པ་ལམ་བཟང་སྙིང་པོ་གསལ་བའི་མེ་ལོང》དུས་འཁོར་བསྐྱེད་རིམ》གསང་བ་འདུས་པའི་རིམ་པ་དང་པོའི་རྣམ་བཤད》སོགས་པོད་འབྲིང་གསུམ་ཙམ་མཛད། འདས་ལོ་དང་མཛད་རྣམ་ཞིབ་པ་མ་རྙེད།
- language:
- Tibetan