- dra thog srid gnyer
- ID:
- T233422
- དྲ་ཐོག་སྲིད་གཉེར (Tibetan, Tibetan script, Original)
- > dra thog srid gnyer (Tibetan, Latin script, Transliteration-THL Extended Wylie Transliteration)
- > dra tok si nyer (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དེང་རབས་ཅན་གྱི་གློག་ཀླད་ཆ་འཕྲིན་དྲ་ཚིགས་ལག་རྩལ་དང་དོ་དམ་གྱི་རིགས་པའི་གཞུང་ལུགས་སྤྱད་ནས་སྲོལ་རྒྱུན་གྱི་སྲིད་དོན་སྒྲུབ་སྟངས་ལ་རྒྱུན་ཆད་མེད་པར་འགྱུར་བ་བཏང་སྟེ་ལས་ཆོད་ཆེ་བའི་སྲིད་དོ་དམ་དང་ཞབས་ཞུ་བསྒྲུབས་ནས་དུས་རབས་ཀྱི་བླངས་བྱ་དང་དེ་བས་མཐུན་པའི་སྲིད་གཞུང་གི་སྒྲིག་གཞི་དང་འཁོར་རྒྱུག་བྱེད་སྟངས་ཤིག་ཡིན། དྲ་ཐོག་སྲིད་གཉེར་ལག་ལེན་བསྟར་བའི་ས་ཡུལ་ནི་སྲིད་གཞུང་གི་ཆ་འཕྲིན་ཐོན་ཁུངས་གསར་འབྱེད་བེད་སྤྱོད་དང་མཉམ་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་སྲིད་འཛིན་ལས་ཆོད་ཀྱི་ཇུས་ཐག་གཅོད་ཚད་མཐོ་རུ་གཏོང་བ་དང་། སྤྱི་པའི་ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་བ། ཞབས་ཞུའི་ནང་དོན་མང་དུ་གཏོང་བ་བཅས་རེད།
- language:
- Tibetan