- drang nges phye ba
- ID:
- T233453
- དྲང་ངེས་ཕྱེ་བ (Tibetan, Tibetan script, Original)
- > drang nges phye ba (Tibetan, Latin script, Transliteration-THL Extended Wylie Transliteration)
- > drang ngé chewa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སྤྱིར་བཏང་དྲང་ངེས་འབྱེད་ཚུལ་ལ། བརྗོད་བྱ་དོན་གྱི་དྲང་ངེས་འབྱེད་ཚུལ་དང་། བརྗོད་བྱེད་ཚིག་གི་དྲང་ངེས་འབྱེད་ཚུལ་གཉིས་ཡོད་། དང་པོ་ནི་ཐེག་ཆེན་གྱི་དྲང་ངེས་འབྱེད་ཚུལ་དང་། གཉིས་པ་ཐེག་དམན་གྱི་དྲང་ངེས་འབྱེད་ཚུལ་རྣམས་ལྟ་བུའོ།འོ།། འདི་ལ་སེམས་ཙམ་པ། རང་རྒྱུད་པ། ཐལ་འགྱུར་བ་བཅས་ཀྱི་དྲང་ངེས་འབྱེད་ཚུལ་མི་མཐུན་པ་ཡོད། སེམས་ཙམ་པས་རང་གི་སྒྲས་ཟིན་ལ་ཇི་ལྟར་བསྟན་པ་ལྟར་ཁས་ལེན་དུ་རུང་བའི་མདོ་ལ་ངེས་དོན་གྱི་མདོ་ཟེར་ཞིང་། རང་གི་སྒྲས་ཟིན་ལ་ཇི་ལྟར་བསྟན་པ་ལྟར་ཁས་ལེན་དུ་མི་རུང་བའི་ མདོ་ལ་དྲང་དོན་གྱི་མདོ་ཟེར། རང་རྒྱུད་པས་དོན་དམ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་པ་ཡང་ཡིན། རང་གི་བསྟན་དོན་སྒྲ་ཇི་བཞིན་དུ་ཁས་ལེན་དུ་རུང་བའི་མདོ་ཡང་ཡིན་པའི་གཞི་མཐུན་པ། ངེས་དོན་གྱི་མདོའི་དོན་དང་། ཀུན་རྫོབ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་པ་དང།ང་། རང་གི་བསྟན་དོན་སྒྲ་ཇི་བཞིན་དུ་ཁས་ལེན་དུ་མི་རུང་བའི་མདོ་གང་རུང་དུ་དམིགས་པ་དྲང་དོན་གྱི་མདོའི་མཚན་ཉིད་དུ་འཇོག ཐལ་འགྱུར་བས་དོན་དམ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་མདོ་ངེས་དོན་གྱི་མདོའི་མཚན་ཉིན་དང་། ཀུན་རྫོབ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་མདོ། དྲང་དོན་གྱི་མདོའི་མཚན་ཉིད་དུ་འཇོག ཐལ་འགྱུར་བས་ངེས་དོན་གྱི་མདོ་རྣམས་མདོ་རང་ཉིད་ཀྱིས་དངོས་སུ་ཇི་ལྟར་བསྟན་པ་བཞིན་མདོ་དེའི་དགོངས་པར་ཁས་བླངས་ཤིང་། དྲང་དོན་གྱི་མདོ་རྣམས་རང་གི་དངོས་སུ་བསྟན་པ་རྣམས་མདོ་དེ་ཡི་དགོངས་པ་མ་ཡིན་ཞིང་། དགོངས་པའི་དོན་གཞན་དུ་དྲངས་དགོས་པར་འདོད་དོ།དོ།།
- language:
- Tibetan
2. Thupten Phuntsok Dictionary
སྤྱིར་བཏང་དྲང་ངེས་འབྱེད་ཚུལ། བརྗོད་བྱ་དོན་གྱི་དྲང་ངེས་འབྱེད་ཚུལ་དང་། བརྗོད་བྱེད་ཚིག་གི་དྲང་ངེས་འབྱེད་ཚུལ་གཉིས་ཡོད། དང་པོ་ནི་ཐེག་ཆེན་གྱི་དྲང་ངེས་འབྱེད་ཚུལ་དང་། གཉིས་པ་ཐེག་དམན་གྱི་དྲང་ངེས་འབྱེད་ཚུལ་རྣམས་ལྟ་བུའོ། །འདི་ལ་སེམས་ཙམ་པ། རང་རྒྱུད་པ། ཐལ་འགྱུར་བ་བཅས་ཀྱི་དྲང་ངེས་འབྱེད་ཚུལ་མི་མཐུན་པ་ཡོད། སེམས་ཙམ་པས་རང་གི་སྒྲས་ཟིན་ལ་ཇི་ལྟར་བསྟན་པ་ལྟར་ཁས་ལེན་དུ་རུང་བའི་མདོ་ལ་ངེས་དོན་གྱི་མདོ་ཟེར་ཞིང་། རང་གི་སྒྲས་ཟིན་ལ་ཇི་ལྟར་བསྟན་པ་ལྟར་ཁས་ལེན་དུ་མི་རུང་བའི་མདོ་ལ་དྲང་དོན་གྱི་མདོ་ཟེར། རང་རྒྱུད་ལས་དོན་དམ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་པ་ཡང་ཡིན། རང་གི་བསྟན་དོན་སྒྲ་ཇི་བཞིན་དུ་ཁས་ལེན་དུ་རུང་བའི་མདོ་ཡང་ཡིན་པའི་གཞི་མཐུན་པ། ངེས་དོན་གྱི་མདོའི་དོན་དང་། ཀུན་རྫོབ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་པ་དང་། རང་གི་བསྟན་དོན་སྒྲ་ཇི་བཞིན་དུ་ཁས་ལེན་དུ་མི་རུང་བའི་མདོ་གང་རུང་དུ་དམིགས་པ་དྲང་དོན་གྱི་མདོའི་མཚན་ཉིད་དུ་འཇོག ཐལ་འགྱུར་བས་དོན་དམ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་མདོ་ངེས་དོན་གྱི་མདོའི་མཚན་ཉིད་དང་། ཀུན་རྫོབ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་མདོ། དྲང་དོན་གྱི་མདོའི་མཚན་ཉིད་དུ་འཇོག ཐལ་འགྱུར་བས་ངེས་དོན་གྱི་མདོ་རྣམས་མདོ་རང་ཉིད་ཀྱིས་དངོས་སུ་ཇི་ལྟར་བསྟན་པ་བཞིན་མདོ་དེའི་དགོངས་པར་ཁས་བླངས་ཤིང་། དྲང་དོན་གྱི་མདོ་རྣམས་རང་གི་དངོས་སུ་བསྟན་པ་རྣམས་མདོ་དེ་ཡི་དགོངས་པ་མ་ཡིན་ཞིང་། དགོངས་པའི་དོན་གཞན་དུ་དྲངས་དགོས་པར་འདོད་དོ། །
- language:
- Tibetan