Skip to main content Skip to search
drang don dang nges don gyi mdo
ID:
T233456
  • དྲང་དོན་དང་ངེས་དོན་གྱི་མདོ (Tibetan, Tibetan script, Original)
    • > drang don dang nges don gyi mdo (Tibetan, Latin script, Transliteration-THL Extended Wylie Transliteration)
    • > drangdön dang ngedön gyi do (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཀུན་རྫོབ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་པའི་མདོ་དྲང་དོན་གྱི་མདོའི་མཚན་ཉིད། དོན་དམ་མདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་པའི་མདོ་ངེས་དོན་གྱི་མདོའི་མཚན་ཉིད། དབུ་མ་པའི་ལུགས་ལ་དགོངས་འགྲེལ་ལས་གསུངས་པའི་འཁོར་ལོ་དང་པོ་དང་། ཐ་མ་གཉིས་དྲང་དོན་གྱི་མདོ་དང་། འཁོར་ལོ་བར་པ་ངེས་དོན་གྱི་མདོར་བཞེད་དེ། བདག་མེད་ཕྲ་མོ་བསྟན་ན་ཆད་ལྟ་སྐྱེ་བས་རེ་ཞིག་སྣོད་དུ་མི་རུང་བའི་གདུལ་བྱ་རྣམས་རིམ་གྱིས་རྒྱུད་སྦྱངས་ནས་ཞུགས་པའི་ཆེད་དུ་འཁོར་ལོ་དང་པོར་གང་ཟག་ལ་བདག་མེད་ལུས་རགས་པ་བཤད་ནས་ཕྲ་མོ་མ་བཤད་པ་དང་ཕུང་སོགས་རང་གི་མཚན་ཉིད་ཀྱིས་གྲུབ་པར་གསུངས་པས་དྲང་དོན་དང་། འཁོར་ལོ་ཐ་མ་ཡང་དྲང་དོན་གྱི་མདོར་བཞེད་དེ་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་ཡིན་ཡང་རེ་ཞིག་ཆོས་ཐམས་ཅད་ཀྱི་སྟེང་གི་སྟོང་པ་དང་རྟེན་འབྲེལ་དོན་གཅིག་ཏུ་རྟོགས་མི་ནུས་པ་ལ་སྔོན་དུ་རགས་པའི་ཆོས་ཀྱི་བདག་མེད་ལ་གཞུག་པའི་ཕྱིར། ཀུན་བཏགས། གཞན་དབང་། ཡོངས་གྲུབ་ཀྱི་མཚན་ཉིད་གསུམ་ལ་རང་གི་མཚན་ཉིད་ཀྱིས་ཡོད་པ་དང་མེད་པའི་ཁྱད་པར་ཕྱེ་ནས་གསུངས་པས་དེ་ཡང་དྲང་དོན་གྱི་མདོར་བཞེད་དོ།དོ།། འཁོར་ལོ་བར་པ་ངེས་དོན་གྱི་མདོར་བཞེད་དེ། སྟོང་པ་དང་རྟེན་འབྱུང་གི་དོན་རྟོགས་ནུས་པའི་ཐེག་པ་ཆེན་པོའི་རིགས་ཅན་གྱི་གདུལ་བྱ་དབང་རྣོན་རྣམས་ལ་འཁོར་ལོ་བར་པའི་གང་ཟག་དང་ཆོས་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པ་བཀག་ནས་ཐ་སྙད་ཙམ་དུ་ཡོད་པར་གསུངས་པ་ནི་ངེས་པའི་དོན་མཐར་ཐུག་པ་ཡིན་ནོ།ནོ།། དགོངས་འགྲེལ་ལས་གསུངས་པའི་འཁོར་ལོ་གསུམ་གྱི་དྲང་ངེས་འཇོག་ཚུལ་འདི་ལྟར་བཞེད་མོད་ཀྱང་། སྤྱིར་འཁོར་ལོ་དང་པོ་ཡིན་ཚད་དྲང་དོན་དུ་བཞེད་པ་མ་ཡིན་ཏེ། འཁོར་ལོ་དང་པོར་གང་ཟག་དང་ཆོས་ལ་རང་བཞིན་མེད་པར་གསུངས་པ་རྣམས་ངེས་དོན་ཡིན་པའི་ཕྱིར་རོ།རོ།།

language:
Tibetan

2. Thupten Phuntsok Dictionary

ཀུན་རྫོབ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་པའི་མདོ་དྲང་དོན་གྱི་མདོའི་མཚན་ཉིད། དོན་དམ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་པའི་མདོ་ངེས་དོན་གྱི་མདོའི་མཚན་ཉིད། དབུ་མ་པའི་ལུགས་ལ་དགོངས་འགྲེལ་ལས་གསུངས་པའི་འཁོར་ལོ་དང་པོ་དང་། ཐ་མ་གཉིས་དྲང་དོན་གྱི་མདོ་དང་། འཁོར་ལོ་བར་པ་ངེས་དོན་གྱི་མདོར་བཞེད་དེ། བདག་མེད་ཕྲ་མོ་བསྟན་ན་ཆད་ལྟ་སྐྱེ་བས་རེ་ཞིག་སྣོད་དུ་མི་རུང་བའི་གདུལ་བྱ་རྣམས་རིམ་གྱིས་རྒྱུད་སྦྱངས་ནས་ཞུགས་པའི་ཆེད་དུ་འཁོར་ལོ་དང་པོར་གང་ཟག་ལ་བདག་མེད་ལུས་རགས་པ་བཤད་ནས་ཕྲ་མོ་མ་བཤད་པ་དང་ཕུང་སོགས་རང་གི་མཚན་ཉིད་ཀྱི་གྲུབ་པར་གསུངས་པས་དྲང་དོན་དང་། འཁོར་ལོ་ཐ་མ་ཡང་དྲང་དོན་གྱི་མདོར་བཞེད་དེ་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་ཡིན་ཡང་རེ་ཞིག་ཆོས་ཐམས་ཅད་ཀྱི་སྟེང་གི་སྟོང་པ་དང་རྟེན་འབྲེལ་དོན་གཅིག་ཏུ་རྟོགས་མི་ནུས་པ་ལ་སྔོན་དུ་རགས་པའི་ཆོས་ཀྱི་བདག་མེད་པ་བསྟན་ཏེ་རྒྱུད་སྦྱངས་ནས་ཕྱིས་ཕྲ་བའི་ཆོས་ཀྱི་བདག་མེད་ལ་གཞུག་ཕྱིར། ཀུན་བཏགས། གཞན་དབང་། ཡོངས་གྲུབ་ཀྱི་མཚན་ཉིད་གསུམ་ལ་རང་གི་མཚན་ཉིད་ཀྱིས་ཡོད་པ་དང་མེད་པའི་ཁྱད་པར་ཕྱེ་ནས་གསུངས་པས་དེ་ཡང་དྲང་དོན་གྱི་མདོར་བཞེད་དོ། །འཁོར་ལོ་བར་པ་ངེས་དོན་གྱི་མདོར་བཞེད་དེ། སྟོང་པ་དང་རྟེན་འབྱུང་གི་དོན་རྟོགས་ནུས་པའི་ཐེག་པ་ཆེན་པོའི་རིགས་ཅན་གྱི་གདུལ་བྱ་དབང་རྣོན་རྣམས་ལ་འཁོར་ལོ་བར་པའི་གང་ཟག་དང་ཆོས་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པ་བཀག་ནས་ཐ་སྙད་ཙམ་དུ་ཡོད་པར་གསུངས་པ་ནི་ངེས་པའི་དོན་མཐར་ཐུག་པ་ཡིན་ནོ། །དགོངས་འགྲེལ་ལས་གསུངས་པའི་འཁོར་ལོ་གསུམ་གྱི་དྲང་ངེས་འཇོག་ཚུལ་འདི་ལྟར་བཞེད་མོད་ཀྱང་། སྤྱིར་འཁོར་ལོ་དང་པོ་ཡིན་ཚད་དྲང་དོན་དུ་བཞེད་པ་མ་ཡིན་ཏེ། འཁོར་ལོ་དང་པོར་གང་ཟག་དང་ཆོས་ལ་རང་བཞིན་མེད་པར་གསུངས་པ་རྣམས་ངེས་དོན་ཡིན་པའི་ཕྱིར་རོ། །

language:
Tibetan