Skip to main content Skip to search
dri bda' spos ri'i dgon
ID:
T233514
  • དྲི་བདའ་སྤོས་རིའི་དགོན (Tibetan, Tibetan script, Original)
    • > dri bda' spos ri'i dgon (Tibetan, Latin script, Transliteration-THL Extended Wylie Transliteration)
    • > dri da pö ri gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

སྤྱི་ལོའི་དུས་རབས་བཅུ་གསུམ་པའི་ནང་དུ་གནས་འདིར་རྒྱལ་བ་རྒོད་ཚང་པས་སྒྲུབ་པ་གནང་བའི་སྒྲུབ་ཕུག་ཅིག་ཡོད་པ་ལ་རྒོད་ཚང་སྒྲུབ་ཅེས་ཟེར། དེ་ནས་བཟུང་གནས་དེར་འབྲུག་པ་བཀའ་བརྒྱུད་ཀྱི་བླ་མ་སྒྲུབ་པ་བྱེད་མཁན་རྒྱུན་མི་ཆད་པར་བྱུང་། སྤྱི་ལོའི་དུས་རབས་བཅུ་བདུན་པའི་ནང་རྡོ་རྗེ་བྲག་ནས་ཕེབས་པའི་རྙིང་མའི་བླ་མ་སྒོམ་ཆེན་ཆོས་ཉིད་རྡོ་རྗེ་ཞུ་བ་ཞིག་གནས་འདིར་སྒྲུབ་པ་མཛད་ནས་བཞུགས་སྐབས་ས་གནས་ཀྱི་འགོ་པས་སྦྱིན་བདག་བྱས་ཏེ་རྙིང་མ་ལྷོ་གཏེར་ལུགས་ཀྱི་ཞི་ཁྲོ་ལྷ་ཁང་ཞིག་བཞེངས་པས་རྙིང་མའི་དགོན་པར་ཆགས། གནས་དེའི་དད་ལྡན་རྣམས་འབྲུག་པ་བཀའ་བརྒྱུད་ལ་དད་པ་བྱེད་མཁན་ཡིན་སྟབས། རིམ་བཞིན་གྲུབ་མཐའ་བཀའ་བརྒྱུད་པ་རུ་གྱུར། ད་ལྟ་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་སྒར་རྫོང་གི་ཁོངས་སུ་ཡོད།

language:
Tibetan