Skip to main content Skip to search
dri bzang bzhi dang zho sbyar
ID:
T233527
  • དྲི་བཟང་བཞི་དང་ཞོ་སྦྱར (Tibetan, Tibetan script, Original)
    • > dri bzang bzhi dang zho sbyar (Tibetan, Latin script, Transliteration-THL Extended Wylie Transliteration)
    • > dri zang shyi dang shyo jar (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཡན་ལག་བརྒྱད་པའི་རང་འགྲེལ་ལས། ཞོ་དང་སྨན་སྦྱར་བའི་གཡོས་ཏེ། ཞོ་ཅུང་ཟད་བསྲུབས་ལ་སྨན་ནི་དྲི་ཞིམ་པོ་ཤིང་ཚ་དང་། ནཱ་ག་གེ་སར་འདི་རྣམས་བཏགས་ལ་དཀྲུག་ཅིང་འཐུངས་ན་གསོད་དེ། ལུས་བརྟས། ཁོང་སྣུམ། བཅུད་དུ་འགྱུར་ཏེ་བུད་མེད་ལ་ཉལ་ཕོད། སྟོབས་སྐྱེད། ཡི་ག་འབྱེད། འདིའི་ནང་ཚ་བ་གསུམ་པོ་ན་ལེ་ཤམ་དང་། པི་པི་ལིང་། སྒ་རྣམས་བཏབ་ན་ཆམ་པའི་ནད་སེལ་ལོ། །ཞེས་གསུངས་པ་ལྟར་རོ། །

language:
Tibetan