Skip to main content Skip to search
gdan sa chen po gsum
ID:
T233599
  • གདན་ས་ཆེན་པོ་གསུམ (Tibetan, Tibetan script, Original)
    • > gdan sa chen po gsum (Tibetan, Latin script, Transliteration-THL Extended Wylie Transliteration)
    • > densa chenpo sum (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

སེ་ར། འབྲས་སྤུངས། དགའ་ལྡན་བཅས་གསུམ་ལ་གདན་ས་ཆེན་པོ་གསུམ་སྟེ། སྤྱིར་ན་བོད་ཀྱི་སངས་རྒྱས་ཆོས་ལུགས་གྲུབ་མཐའ་མི་འདྲ་བ་ཚང་མར་སོ་སོའི་གདན་ས་རེ་ཡོད། གདན་སའི་གོ་དོན་ནི། རང་རང་སོ་སོའི་ཆོས་ལུགས་སློབ་སྦྱོང་བྱེད་སའི་རྟེན་གཞི་གཙོ་བོ་ཡིན་པ་དང་། སེ་ར་དང་། འབྲས་སྤུངས་། དགའ་ལྡན་གསུམ་ནི། དགེ་ལུགས་པའི་ཆོས་ལུགས་སློབ་སྦྱོང་བྱེད་སའི་རྟེན་གཞི་གཙོ་བོ་ཡིན། དེའི་ཐོག་བཀྲ་ཤིས་ལྷུན་པོ་བསྣན་ན་དབུས་གཙང་གདན་ས་ཆེན་པོ་བཞི་ཟེར་བ་དང་། དེའི་ཐོག་མཚོ་སྔོན་ཞིང་ཆེན་གྱི་སྐུ་འབུམ་བྱམས་པ་གླིང་དང་། ཀན་སུའུ་ཞིང་ཆེན་གྱི་བླ་བྲང་བཀྲ་ཤིས་འཁྱིལ་གཉིས་བསྣན་པས་གདན་ས་ཆེན་པོ་དྲུག་ཟེར་སྲོལ་ཡང་ཡོད།

language:
Tibetan

2. Thupten Phuntsok Dictionary

སེ་ར། འབྲས་སྤུངས། དགའ་ལྡན་བཅས་གསུམ་ལ་གདན་ས་ཆེན་པོ་གསུམ་སྟེ། སྤྱིར་ན་བོད་ཀྱི་སངས་རྒྱས་ཆོས་ལུགས་གྲུབ་མཐའ་མི་འདྲ་བ་ཚང་མར་སོ་སོའི་གདན་ས་རེ་ཡོད། གདན་སའི་གོ་དོན་ནི། རང་རང་སོ་སོའི་ཆོས་ལུགས་སློབ་སྦྱོང་བྱེད་སའི་རྟེན་གཞི་གཙོ་བོ་ཡིན་པའི་དོན་ཡིན་པ་དང་། སེ་ར་དང་། འབྲས་སྤུངས། དགའ་ལྡན་གསུམ་ནི། དགེ་ལུགས་པའི་ཆོས་ལུགས་སློབ་སྦྱོང་བྱེད་སའི་རྟེན་གཞི་གཙོ་བོ་ཡིན། དེའི་ཐོག་བཀྲ་ཤིས་ལྷུན་པོ་བསྣན་ན་དབུས་གཙང་གདན་ས་ཆེན་པོ་བཞི་ཟེར་བ་དང་། དེའི་ཐོག་མཚོ་སྔོན་ཞིང་ཆེན་གྱི་སྐུ་འབུམ་བྱམས་པ་གླིང་དང་། ཀན་སུའུ་ཞིང་ཆེན་གྱི་བླ་བྲང་བཀྲ་ཤིས་འཁྱིལ་གཉིས་བསྣན་ན་གདན་ས་ཆེན་པོ་དྲུག་ཟེར་སྲོལ་ཡང་ཡོད།

language:
Tibetan