- gdab lan
- ID:
- T233603
- གདབ་ལན (Tibetan, Tibetan script, Original)
- > gdab lan (Tibetan, Latin script, Transliteration-THL Extended Wylie Transliteration)
- > dab len (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གང་ཞིག་ལན་དུ་སྦྱིན་བྱའི་དངོས་པོའི་མིང་སྟེ། ཞིང་པ་དང་འབྲོག་པ་རྣམས་གྲོགས་པོ་ཕན་ཚུན་འགྲོ་འགྲོས་བྱ་སྐབས་ལག་རྟགས་གང་ཞིག་ཁྱེར་ཡོད་པ་དེའི་ལན་དུ་དངོས་པོ་གང་ཞིག་སྤྲོད་པ་དེ་ལ་གདབ་ལན་ཟེར། དཔེར་ན། འབྲོག་པ་ཞིག་རོང་པའི་ས་ཁུལ་དུ་གྲོགས་པོའམ་ཉེ་འབྲེལ་བལྟ་སར་འགྲོ་སྐབས་ཤ་དང་། མར་སོགས་ལག་རྟགས་ཁྱེར་འགྲོ་ཞིང་ཡོད་ཅིང་། ཞིང་པ་མི་ཚང་དེས་འབྲོག་པ་གྲོགས་པོ་དེ་ཕར་རང་ཡུལ་དུ་ལོག་སྐབས་ནས་དང་། གྲོ་སོགས་འབྲུ་རིགས་བརྫངས་པ་སྤྲོད་སྲོལ་ཡོད་པ་དེ་གདབ་ལན་སྤྲོད་ཟེར། སྤྲོད་བྱའི་དངོས་པོ་དེ་གདབ་ལན་ཟེར།
- language:
- Tibetan