- gdugs yu bkra shis chos gling
- ID:
- T233647
- གདུགས་ཡུ་བཀྲ་ཤིས་ཆོས་གླིང (Tibetan, Tibetan script, Original)
- > gdugs yu bkra shis chos gling (Tibetan, Latin script, Transliteration-THL Extended Wylie Transliteration)
- > dukyu trashi chöling (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཕ་བོང་ཁ་རི་ཁྲོད་ཀྱི་ཤར་ངོས་ལྡེབས་སུ་ཡོད་པའི་གདུགས་ཡུ་བཀྲ་ཤིས་ཆོས་གླིང་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་ནང་རྒྱལ་པོ་ལྷ་བཟང་ཁང་ནས་ཞལ་བདག་གིས་སྔགས་པ་གྲྭ་ཚང་ཁོངས་ཀྱི་དགེ་སློང་དང་དགེ་ཚུལ་བསྡོམས་ཉི་ཤུ་རྩ་གཅིག་གཏོང་སྲོལ་ཐོག་ཆོ་ག་ཕྱག་ལེན་སེ་ར་སྔགས་པ་དང་མཐུན། རབ་བྱུང་བཅོ་ལྔ་པའི་ལྕགས་སྤྲེལ(༡༩༢༠)ལོའི་ཡས་མས་སུ་སེར་སྨད་རྒྱལ་རོང་ཕ་བོང་ཁ་མཁན་སྤྲུལ་བྱམས་པ་བསྟན་འཛིན་རི་ཁྲོད་དེར་བཞུགས་སྐབས་སེར་སྔགས་གྲྭ་ཚང་ནས་རི་ཁྲོད་ཀྱི་དགོན་བདག་ཕ་བོང་ཁ་པ་སྐུ་ཕྲེང་ན་རིམ་ལ་ཕུལ་བར་བརྟེན་ཕ་བོང་ཁ་པ་ཡང་སེར་སྔགས་གྲྭ་ཚང་ལ་སྒྲིགས་ཞུགས་གནང་སྲོ་དང་། དེ་རྗེས་རི་ཁྲོད་དུ་བླ་བྲང་དང་། འདུ་ཁང།ང་། གྲྭ་ཤག་སོགས་རྒྱས་སྐྲུན་བྱུང་། རབ་བྱུང་བཅུ་དྲུག་པའི་ས་ཕག་ལོར་བླ་བྲང་ལས་བྱེད་མ་ཐེ་བའི་གྲྭ་གྲངས་༢༡ཡོད་པ་དང་དགོན་བདག་སེར་སྔགས་གྲྭ་ཚང་ཡིན།
- language:
- Tibetan
2. Thupten Phuntsok Dictionary
ཕ་བོང་ཁ་རི་ཁྲོད་ཀྱི་ཤར་ངོས་རི་ལྡེབས་སུ་ཡོད་པའི་གདུགས་ཡུ་བཀྲ་ཤིས་ཆོས་གླིང་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་ནང་རྒྱལ་པོ་ལྷ་བཟང་ཁང་ནས་ཡོན་སྦྱར་ཏེ་བཏབ་ཅིང་། སེར་སྔགས་གྲྭ་ཚང་ནས་ཞལ་བདག་གིས་སྔགས་པ་གྲྭ་ཚང་ཁོངས་ཀྱི་དགེ་སློང་དང་དགེ་ཚུལ་བསྡོམས་ཉི་ཤུ་རྩ་གཅིག་གཏོང་སྲོལ་ཐོག་ཆོ་ག་ཕྱག་ལེན་སེ་ར་སྔགས་པ་དང་མཐུན། རབ་བྱུང་བཅོ་ལྔ་པའི་ལྕགས་སྤྲེལ (༡༩༢༠) ལོའི་ཡས་མས་སུ་སེ་ར་སྨད་རྒྱལ་རོང་ཕ་བོང་ཁ་མཁན་སྤྲུལ་བྱམས་པ་བསྟན་འཛིན་རི་ཁྲོད་དེར་བཞུགས་སྐབས་སེར་སྔགས་གྲྭ་ཚང་ནས་རི་ཁྲོད་ཀྱི་དགོན་བདག་ཕ་བོང་ཁ་པ་སྐུ་ཕྲེང་ན་རིམ་ལ་ཕུལ་བར་བརྟེན་ཕ་བོང་ཁ་པ་ཡང་སེར་སྔགས་གྲྭ་ཚང་ལ་སྒྲིགས་ཞུགས་གནང་སྲོལ་དང་། དེ་རྗེས་རི་ཁྲོད་དུ་བླ་བྲང་དང་། འདུ་ཁང་། གྲྭ་ཤག་སོགས་རྒྱས་སྐྲུན་བྱུང་། རབ་བྱུང་བཅུ་དྲུག་པའི་ས་ཕག་ལོར་བླ་བྲང་ལས་བྱེད་མ་ཐེ་བའི་གྲྭ་གྲངས༢༡ཡོད་པ་དང་དགོན་བདག་སེར་སྔགས་གྲྭ་ཚང་ཡིན།
- language:
- Tibetan