- gdong sna'i thugs rje chen po'i lha khang
- ID:
- T233681
- གདོང་སྣའི་ཐུགས་རྗེ་ཆེན་པོའི་ལྷ་ཁང (Tibetan, Tibetan script, Original)
- > gdong sna'i thugs rje chen po'i lha khang (Tibetan, Latin script, Transliteration-THL Extended Wylie Transliteration)
- > dong né tukjé chenpö lhakhang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
འདི་ཁྲི་ཀའི་ཡུལ་གྱི་བྱིན་རླབས་ཅན་གྱི་རྟེན་བཞིའི་ཡ་གྱལ་ཞིག་ཡིན། ཐོག་མར་བོན་པོ་བླ་མ་མི་རྩེ་གསེར་བཟང་ཞེས་པ་ཞིག་གིས་སྒྲུབ་ཁང་ཡིན་པར་བཤད། དེ་རྗེས་རབ་བྱུང་བདུན་པའི་ནང་ཙམ་ན་རྒྱའི་དམག་དཔོན་ཞིག་གིས་སྦྱིན་བདག་བྱས་ཏེ་ལྷ་ཁང་ཁ་ཤས་གསར་བཞེངས་བྱས། བོད་རྒྱ་ཧོར་གསུམ་གྱི་དད་ལྡན་རྣམས་ཐུན་མོང་གི་མཆོད་གནས་ཤིག་ཡིན། ད་ལྟ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཁོངས་སུ་ཡོད།
- language:
- Tibetan