- gdong gzhug ngag dbang chos grags
- ID:
- T233690
- གདོང་གཞུག་ངག་དབང་ཆོས་གྲགས (Tibetan, Tibetan script, Original)
- > gdong gzhug ngag dbang chos grags (Tibetan, Latin script, Transliteration-THL Extended Wylie Transliteration)
- > dong shyuk ngawang chödrak (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
མདོ་སྨད་བྱ་ཁྱུང་དགོན་གྱི་མཁན་རབས་སོ་གཉིས་པ་འདི་ཉིད་ཀྱི་མཚན་གཞན་འོན་འཇའ་ཚང་དང་མཚེར་མོ་ཆེ་ཡང་ཞུ། འཁྲུངས་ཡུལ་རོང་པོའི་ཚེ་རུག་འོན་འཇའ་ལ་ཡིན། ཐོག་མར་བྱ་ཁྱུང་གི་ཆོས་སྒོར་ཞུགས་ནས་ཟབ་ཆོས་གསན་སྦྱོང་མཛད། དེ་ནས་དབུས་སུ་ཕེབས་ཏེ་སེར་བྱེས་གྲྭ་ཚང་དུ་གཞུང་ལུགས་གསན་སྦྱོང་ཐོག་ལྷ་ལྡན་སྨོན་རམས་པ་མཛད། སུམ་རྟགས། སྙན་ངག རྩིས་དཀར་ནག་སོགས་ལ་ཡང་སྦྱངས་པ་ཆེ། དེ་ནས་རང་ཡུལ་དུ་ཕེབས་ཏེ་རབ་བྱུང་བཅུ་པའི་གཉིས་པའི་ལྕགས་གླང (༡༧༢༡) ལོར་བྱ་ཁྱུང་དགོན་གྱི་སེང་ཁྲིར་ཕེབས། གསུང་རྩོམ་ཡང་ལྔ་བསྡུས་ནས་བཟུང་གཟའ་འཛིན་བར་གྱི་རྩིས་གཞི་གསར་སྤོས་དང་། སྤྱི་སོའི་དེབ་ཡིག་སེམས་བསྐྱེད་ཀྱི་བཤད་སྒྲིག་ལ་སྔ་སྒྲིག་དང་། ཕྱི་སྒྲིག་འགའ་རེ་བཅས་མཛད། རབ་བྱུང་བཅུ་གཉིས་པའི་ཤིང་སྦྲུལ (༡༧༢༥) ལོར་གདན་ས་བཞག་ནས་མཚེར་མོ་ཆེའི་རི་ཁྲོད་དུ་སྐུ་ཚེ་དང་སྒྲུབ་པ་སྙོམས་པར་མཛད། འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ།
- language:
- Tibetan
2. gangs can mkhas grub rim byon ming mdzod
ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། འཁྲུངས་ཡུལ་ནི་རེབ་སྐོང་རོང་བོའི་ཚེ་རུག་འོན་འཇའ་ཡིན། ཁོང་གཞོན་ནུའི་དུས་སུ་བྱ་ཁྱུང་དགོན་པའི་ཆོས་སྒོར་ཞུགས་ནས་གཞུང་དང་། སུམ་རྟགས། སྙན་ངག རྩིས་དཀར་ནག་བཅས་ལ་སྦྱངས་པར་མཛད། དེ་ནས་དབུས་སུ་ཕེབས་ཤིང་སེ་ར་བྱེས་པ་གྲྭ་ཚང་དུ་ཞུགས་ཏེ་གཞུང་བཀའ་པོད་ལྔ་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་ལྷ་ལྡན་སྨོན་ལམ་ཆེན་མོའི་སྨོན་རམས་པ་མཛད། དེ་ནས་རང་དགོན་དུ་ཕེབས་ཏེ་རབ་བྱུང་བཅུ་གཉིས་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ 1721 ལོར་བྱ་ཁྱུང་དགོན་པའི་གདན་སའི་ཁྲི་ལ་བཞུགས་ནས་དབུ་མ་འཇུག་པ་ཚོགས་འདོན་དུ་བཙུགས། རབ་བྱུང་བཅུ་གཉིས་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ 1723 ལོར་མཚོ་སྔོན་བསྟན་འཛིན་ཝང་གིས་ངོ་ལོག་བྱུང་སྐབས་བྱ་ཁྱུང་དགོན་པ་ལ་དམག་སྐྱོན་ཕྲ་མོ་ཙམ་ཡང་མ་བྱུང་། དེ་ལྟར་ལོ་ལྔའི་རིང་དུ་གདན་ས་བསྐྱངས་ནས་འཆད་ཉན་འཕེལ་བ་དང་། དོན་གཉེར་བ་རྣམས་ལ་རྩིས་དཀར་ནག་སོགས་ཀྱི་དཔེ་ཁྲིད་དང་། བྱམས་ཁང་གི་སྐུ་བརྙན་ལ་ཞིག་གསོས་དང་རྒྱུན་གྱི་མཛད་སྤྱོད་ལེགས་པ་དང་བཅས་པས་ཀུན་གྱིས་གཙུག་ཏུ་བཀུར། ཁྲི་ཟུར་ནས་མཚེར་མོ་ཆེའི་[852]རི་ཁྲོད་དུ་སྒྲུབ་པ་ཉམས་ལེན་མཛད་ནས་དུས་འདའ་བའོ། ཁོང་གི་གསུང་རྩོམ་ནི་རྩིས་གཞི་གསར་སྤོས་དང་། སྤྱི་སོའི་དེབ་ཡིག སེམས་བསྐྱེད་ཀྱི་བཤད་སྒྲིག སྐྱེས་རིའི་བསང་ཡིག་བཅས་བཞུགས་སོ། ཁོང་ནི་བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་སུམ་ཅུ་སོ་གཉིས་པ་ཡིན་ནོ། །
- language:
- Tibetan