- bdag chen kun dga' blo gros
- ID:
- T233720
- བདག་ཆེན་ཀུན་དགའ་བློ་གྲོས (Tibetan, Tibetan script, Original)
- > bdag chen kun dga' blo gros (Tibetan, Latin script, Transliteration-THL Extended Wylie Transliteration)
- > dak chen kün ga lodrö (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རབ་བྱུང་ལྔ་པའི་ས་ཕག(༡༢༩༩)ལོར་ས་སྐྱའི་བདག་ཉིད་ཆེན་པོ་བཟང་པོ་དཔལ་བའི་སྲས་སུ་འཁྲུངས། ཧོར་གྱི་རྒྱལ་སར་བྱོན་ནས་བུ་ཡན་རྒྱལ་པོ། །གི་གན་རྒྱལ་པོ།ཡེ་སུན་ཐེ་མུར་བཅས་གསུམ་གྱི་དབུ་བླ་མཛད། དེ་ཡན་ཆད་ཀྱིས་ས་སྐྱ་འི་གདན་ས་ཐུན་མོང་དུ་དབང་བསྒྱུར། རབ་བྱུང་ལྔ་པའི་ཤིང་བྱི(༡༣༢༤)ལོར་རྗེ་འདིས་གདན་ས་སྐུ་མཆེད་སོ་སོར་བགོས་ཏེ་མཁས་བཙུན་པར་ཤེལ་ཐམ་དང།ང་། གཞི་ཐོག་ཏི་ཤྲཱི་ལེགས་འབྱུང་སྤུན་ལ་གསེར་ཐམ། ལྷ་ཁང་བླ་བྲང་འཇམ་དབྱངས་དོན་རྒྱལ་སྤུན་ལ་ཤེལ་ཐམ། རིན་སྒང་དབང་ཀུན་ལེགས་མིང་སྲིང་ལ་གསེར་ཐམ་བཅས་སོ་སོར་གནང་བ་ནས་བཟུང་གཞི་ཐོག་བླ་བྲང་། དུས་མཆོད་བླ་བྲང་བཅས་བཞིར་གྱེས། རབ་བྱུང་ལྔ་པའི་ཤིང་གླང྇(༡༣༢༥)ལོར་འདས།
- language:
- Tibetan
2. Thupten Phuntsok Dictionary
རབ་བྱུང་ལྔ་པའི་ས་ཕག (༡༢༩༩) ལོར་ས་སྐྱའི་བདག་ཉིད་ཆེན་པོ་བཟང་པོ་དཔལ་བའི་སྲས་སུ་འཁྲུངས། ཧོར་གྱི་རྒྱལ་སར་བྱོན་ནས་བུ་ཡན་རྒྱལ་པོ་དང་། གི་གན་རྒྱལ་པོ། ཡེ་སུན་ཐེ་མུར་བཅས་གསུམ་གྱི་དབུ་བླ་མཛད། དེ་ཡན་ཆད་ཀྱིས་ས་སྐྱའི་གདན་ས་ཐུན་མོང་དུ་དབང་བསྒྱུར། རབ་བྱུང་ལྔ་པའི་ཤིང་བྱི (༡༣༢༤) ལོར་རྗེ་འདིས་གདན་ས་སྐུ་མཆེད་སོ་སོར་བགོས་ཏེ་མཁས་བཙུན་པར་ཤེལ་ཐམ་དང་། གཞི་ཐོག་ཏི་ཤྲཱི་ལེགས་འབྱུང་སྤུན་ལ་གསེར་ཐམ། ལྷ་ཁང་བླ་བྲང་འཇམ་དབྱངས་དོན་རྒྱལ་སྤུན་ལ་ཤེལ་ཐམ། རིན་སྒང་དབང་ཀུན་ལེགས་མིང་སྲིང་ལ་གསེར་ཐམ་བཅས་སོ་སོར་གནང་བ་ནས་བཟུང་གཞི་ཐོག་བླ་བྲང་དང་། ལྷ་ཁང་བླ་བྲང་། རིན་ཆེན་སྒང་བླ་བྲང་། དུས་མཆོད་བླ་བྲང་བཅས་བཞིར་གྱེས། རབ་བྱུང་ལྔ་པའི་ཤིང་གླང (༡༣༢༥) ལོར་འདས།
- language:
- Tibetan