- bdag med phra mo gnyis
- ID:
- T233736
- བདག་མེད་ཕྲ་མོ་གཉིས (Tibetan, Tibetan script, Original)
- > bdag med phra mo gnyis (Tibetan, Latin script, Transliteration-THL Extended Wylie Transliteration)
- > dakmé tramo nyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
གང་ཟག་བདེན་པས་སྟོང་པ་དང།ང་། གདགས་གཞིའི་ཕུང་པོ་བདེན་པས་སྟོང་པ་གཉིས་སོ་སོར་གང་ཟག་གི་བདག་མེད་ཕྲ་མོ་དང་ཆོས་ཀྱི་བདག་མེད་ཕྲ་མོར་འདོད་ཅིང།ང་། བདག་མེད་ཕྲ་མོ་གཉིས་དགག་བྱའི་སྒོ་ནས་འབྱེད་པ་མ་ཡིན་ཏེ། བདག་མེད་གཉིས་ཀ་དགག་བྱ་བདེན་གྲུབ་བཀག་པ་ཙམ་དུ་མཚུངས་པའི་ཕྱིར། དེས་ན་སྟོང་གཞིའི་སྒོ་ནས་འབྱེད་པ་ཡིན་ཏེ། གཞི་གང་ཟག་གི་སྟེང་དུ་དགག་བྱ་བདེན་གྲུབ་བཀག་པ་གང་ཟག་གི་བདག་མེད་ཕྲ་མོ་དང།ང་། གཞི་ཕུང་སོགས་ཀྱི་སྟེང་དུ་དགག་བྱ་བདེན་གྲུབ་བཀག་པ་ཆོས་ཀྱི་བདག་མེད་ཕྲ་མོར་འཇོག་པས་སོ།སོ།། དབུ་མ་རང་རྒྱུད་པས་ནི་བདག་མེད་ཕྲ་མོ་གཉིས་དགག་བྱའི་སྒོ་ནས་འབྱེད་པ་ཡིན་གྱི་སྟོང་གཞིའི་སྒོ་ནས་འབྱེད་པ་མ་ཡིན་ཏེ། གཞི་གང་ཟག་གི་སྟེང་དུ་དགག་བྱ་བདེན་གྲུབ་བཀག་པ་དེ་ཆོས་ཀྱི་བདག་མེད་ཕྲ་མོ་དང་གཞི་གང་ཟག་གི་སྟེང་དུ་རང་རྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པ་བཀག་པ་དེ་གང་ཟག་གི་བདག་མེད་ཕྲ་མོར་འཇོག་པའི་ཕྱིར་རོ།རོ།། བྱེ་ཕྲག་སྨྲ་བ་དང་མདོ་སྡེ་པ་གཉིས་ཀྱིས་བདག་མེད་ཕྲ་མོ་དང་གང་ཟག་གི་བདག་མེད་དོན་གཅིག་ཏུ་འདོད་པས་ཆོས་ཀྱི་བདག་མེད་ཅེས་པའི་རྣམ་བཞག་ཁས་མི་ལེན་ཏེ། དེ་གཉིས་ཀྱིས་གཞི་གྲུབ་ན་ཆོས་ཀྱི་བདག་ཏུ་གྲུབ་པས་ཁྱབ་པ་ཁས་ལེན་པའི་ཕྱིར། འོ་ན་བྱེ་བྲག་སྨྲ་བ་དང།ང་། མདོ་མདོ་སྡེ་པ་གཉིས་ཀྱི་གང་ཟག་གི་བདག་མེད་ཕྲ་མོར་གང་འཇོག་ཞེ་ན། བྱེ་བྲག་སྨྲ་བའི་ནང་ཚན་མང་བཀུར་སྡེ་ལྔ་ཕུད་པའི་སྡེ་པ་གཞན་ཀུན་དང་མདོ་སྡེ་པས་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་གང་ཟག་གི་བདག་མེད་ཕྲ་མོར་ཁེསཁས་ལེན་ནོ།ནོ།།
- language:
- Tibetan
2. Thupten Phuntsok Dictionary
གང་ཟག་བདེན་པས་སྟོང་པ་དང་། གདགས་གཞིའི་ཕུང་པོ་བདེན་པས་སྟོང་པ་གཉིས་སོ་སོར་གང་ཟག་གི་བདག་མེད་ཕྲ་མོ་དང་ཆོས་ཀྱི་བདག་མེད་ཕྲ་མོར་འདོད་དོ། །
- language:
- Tibetan