Skip to main content Skip to search
bde mkhar tshe dbang rab brtan
ID:
T233768
  • བདེ་མཁར་ཚེ་དབང་རབ་བརྟན (Tibetan, Tibetan script, Original)
    • > bde mkhar tshe dbang rab brtan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > dé khar tsewang rabten (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

བདེ་མཁར(ཀླུ་ཁང་པ)ཚེ་དབང་རབ་བརྟན་ནི་འཕན་པོ་ཁུལ་ནང་སོ་ཞེས་པའི་སྒེར་པ་ཞིག་སྟེ་བདེ་མཁར་ནང་སོ(ཡུལ་སྐད་དུ་དན་ཁང་ནང་སོ་ཟེར་བ)དང།ང་། རྒྱལ་གྲོང་ནང་སོ། ཁང་གསར་ནང་སོ(སྒེར་རྟ་རྐྱང་ཞེས་གཞུང་ཞབས་མེད)བཅས་ཡོད་པ་ལས་སྒེར་བདེ་མཁར་བའི་ཁྱིམ་དུ་རབ་བྱུང་བཅོ་ལྔ་པའི་མེ་སྤྲེལ(༡༨༩༦)ལོར་བལྟམས། ལྷ་སའི་རྫོང་རྒྱབ་ཀླུ་ཁང་གི་བྱང་ངོས་སུ་ས་ཆ་དང་ཁང་པ་ཡོད་པར་བརྟེན་ཀླུ་ཁང་བ་ཞེས་འབོད། ཚེ་དབང་རབ་བརྟན་ཆུང་དུས་ཡིག་རྩིས་སློབ་སྦྱོང་བྱས་ཏེ་རྩིས་ཁང(བོད་ས་གནས་སྲིད་གཞུང་གི་དཔོན་རིགས་སྐྱ་བོའི་སྦྱོང་བརྡར་བྱེད་ས)དུ་འཛུལ་ནས་ཤོད་དྲུང་ཞུས། རང་ལོ་ཉི་ཤུ་ཙམ་ལ་རྩིས་པ་དང་དེ་ནས་བཀའ་བློན་བླ་མ་བྱམས་པ་བསྟན་དར་གྱི་ལས་བྱར་མདོ་སྨད་དུ་བསྐྱོད་དེ་བཀའ་དྲུང་བྱས། རང་ལོ་ཉི་ཤུ་རྩ་བདུན་སྟེང་ལྷ་སར་བཀའ་དྲུང(བཀའ་ཤག་གི་དྲུང་ཡིག)གི་འགན་འཁུར་རིང་འཇོན་ཐང་ཆེ་བས་གྲགས་པ་ཆེ་ཙམ་བྱུང།ང་། དེ་རྗེས་ལྷ་ས་གཉེར་ཚང་བའི་འགན་འཁུར་ཐོག་དེ་སྔའི་བོད་ས་གནས་སྲིད་གཞུང་གི་བོད་ལྗོངས་ཚོགས་འདུ་ཧྲག་བསྡུས་ཀྱི་འཐུས་མི་དང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་གསེར་སྡོང་དགེ་ལེགས་འདོད་འཇོ་གསར་བཞེངས་ཀྱི་ལས་བྱ་བྱས། མི་རིང་བར་རྩིས་དཔོན(རིམ་པ་བཞི་པའི་གོ་གནས་ཡོད་པའི་ཤོད་སྐོར་ཡོངས་ཀྱི་འགོ་དཔོན་)བསྐོས། སྟོད་ལུང་སོགས་ལ་ས་ཞིབ་བྱས། བོད་རབ་བྱུང་བཅུ་དྲུག་པའི་ལྕགས་སྟག(༡༩༥༠)ལོར་མི་དམངས་བཅིངས་འགྲོལ་དམགས་ཆབ་མདོར་འབྱོར་སྐབས་བོད་ཟླ་བཅུ་གཅིག་པའི་ནང་སྲིད་བློན་ལས་ཚབ་ཀྱི་འགན་བླངས། སྲིད་བློན་ལས་ཚབ་ལས་སྦྲེལ་བློ་བཟང་བཀྲ་ཤིས་དང་མཉམ་དུ་བོད་བཞི་བའི་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་དོན་ཚན་བཅུ་བདུན་ལ་ངོ་རྒོལ་བྱས་པ་སོགས་ཀྱི་རྐྱེན་པས་བློ་བཟང་བཀྲ་ཤིས་དང་བདེ་མཁར་(ཀླུ་ཁང་པ་)ཚེ་དབང་རབ་བརྟན་གཉིས་སྲིད་བློན་ལས་ཚབ་ནས་ཕྱིར་ཐོན་བྱས། རབ་བྱུང་བཅུ་དྲུག་པའི་ཆུ་གླང་(༡༩༧༣)ལོར་འདས།

language:
Tibetan

2. Thupten Phuntsok Dictionary

བདེ་མཁར་ (ཀླུ་ཁང་པ) ཚེ་དབང་རབ་བརྟན་ནི་འཕན་པོ་ཁུལ་ནང་སོ་ཞེས་པའི་སྒེར་པ་ཞིག་སྟེ་བདེ་མཁར་ནང་སོ་ (ཡུལ་སྐད་དུ་དན་ཁང་ནང་སོ་ཟེར་བ་) དང་། རྒྱལ་གྲོང་ནང་སོ། ཁང་གསར་ནང་སོ་ (སྒེར་རྟ་རྐྱང་ཞེས་གཞུང་ཞབས་མེད་) བཅས་ཡོད་པ་ལས་སྒེར་བདེ་མཁར་བའི་ཁྱིམ་དུ་རབ་བྱུང་བཅོ་ལྔ་པའི་མེ་སྤྲེལ (༡༨༩༦) ལོར་བལྟམས། ལྷ་སའི་རྫོང་རྒྱབ་ཀླུ་ཁང་གི་བྱང་ངོས་སུ་ས་ཆ་དང་ཁང་པ་ཡོད་པར་བརྟེན་ཀླུ་ཁང་པ་ཞེས་འབོད། ཚེ་དབང་རབ་བརྟན་ཆུང་དུས་ཡིག་རྩིས་སློབ་སྦྱོང་བྱས་ཏེ་རྩིས་ཁང (བོད་ས་གནས་སྲིད་གཞུང་གི་དཔོན་རིགས་སྐྱ་བོའི་སྦྱོང་བརྡར་བྱེད་ས) དུ་འཛུལ་ནས་ཤོད་དྲུང་ཞུས། རང་ལོ་ཉི་ཤུ་ཙམ་ལ་རྩིས་པ་དང་། དེ་ནས་བཀའ་བློན་བླ་མ་བྱམས་པ་བསྟན་དར་གྱི་ལས་བྱར་མདོ་སྨད་དུ་བསྐྱོད་དེ་བཀའ་དྲུང་བྱས། བོད་རབ་བྱུང་བཅུ་དྲུག་པའི་ལྕགས་སྟག (༡༩༥༠) ལོར་མི་དམངས་བཅིངས་འགྲོལ་དམག་ཆབ་མདོར་འབྱོར་སྐབས་བོད་ཟླ་བཅུ་གཅིག་པའི་ནང་སྲིད་བློན་ལས་ཚབ་ཀྱི་འགན་བླངས། སྲིད་བློན་ལས་ཚབ་ལས་སྦྲེལ་བློ་བཟང་བཀྲ་ཤིས་དང་མཉམ་དུ་བོད་ཞི་བའི་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་དོན་ཚན་བཅུ་བདུན་ལ་ངོ་རྒོལ་བྱས་པ་སོགས་ཀྱི་རྐྱེན་པས་བློ་བཟང་བཀྲ་ཤིས་དང་བདེ་མཁར (ཀླུ་ཁང་པ) ཚེ་དབང་རབ་བརྟན་གཉིས་སྲིད་བློན་ལས་ཚབ་ནས་ཕྱིར་འཐེན་བྱས། རབ་བྱུང་བཅུ་དྲུག་པའི་ཆུ་གླང (༡༩༧༣) ལོར་འདས།

language:
Tibetan