Skip to main content Skip to search
bde 'jags las 'dzin lhan tshogs
ID:
T233804
  • བདེ་འཇགས་ལས་འཛིན་ལྷན་ཚོགས (Tibetan, Tibetan script, Original)
    • > bde 'jags las 'dzin lhan tshogs (Tibetan, Latin script, Transliteration-THL Extended Wylie Transliteration)
    • > dé jak lé dzin lhen tsok (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བསྡུས་མིང་། དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་གཙོ་བོ་ཞིག་ཡིན་པ་དང་དམག་དོན་བྱ་འགུལ་སྤེལ་ནས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་རྒྱུན་འཁྱོངས་བྱེད་དབང་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་གཅིག་པུ་དེ་རེད། དེ་ནི་ཨ་མེ་རི་ཁ་དང་། ཨུ་རུ་སུ། དབྱིན་ཇི། ཧྥ་རན་སི། ཀྲུང་གོ་བཅས་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ལྔ་དང་རྒྱུན་ལས་ལས་འཛིན་མ་ཡིན་པའི་རྒྱལ་ཁབ་བཅུ་ལས་གྲུབ་པ་ཡིན། རྒྱུན་ལས་མ་ཡིན་པའི་ལས་འཛིན་རྒྱལ་ཁབ་བཅུ་པོའི་ལས་འགན་འཁུར་ཡུན་ལོ་གཉིས་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་བསྒྲགས》གཞིགས་ན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བྱ་འགུལ་ནི་"རྒྱུན་ལས་རྒྱལ་ཁབ་ལྔ་པོ་ཡིད་མཐུན་བྱུང་བ་"རྩ་དོན་གྱི་རྨང་གཞིའི་ཐོག སྤྱི་བསྒྲགས་ཀྱི་དམིགས་ཡུལ་དང་རྩ་དོན་གཞིར་བཟུང་ནས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་རྒྱུན་སྲུང་བྱ་རྒྱུ་དང་། དམག་འཁྲུག་མ་ཡིན་པའི་བྱེད་ཐབས་གཞན་པས་རྒྱལ་སྤྱིའི་རྩོད་གཞི་ཐག་གཅོད་བྱ་རྒྱུ། ལས་འཛིན་ལྷན་ཚོགས་ཀྱིས་ཁོངས་ཞུགས་རྒྱལ་ཁབ་གསར་པ་ཁས་ལེན་བྱེད་པ་དང་ཚོགས་ཆེན་ལ་དྲུང་ཡིག་ཆེན་མོའི་འོས་མི་འོས་སྦྱོར་བྱེད་དབང་སོགས་ཡོད། ལས་འཛིན་ལྷན་ཚོགས་ཀྱིས་ལོ་ལྟར་དུས་བཀག་གྲོས་ཚོགས་ཐེངས་གཉིས་རེ་འཚོགས་ཀྱི་ཡོད། དཔེར་ན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དབྱི་ལ་ཡི་གནད་དོན་ལ་ཞིབ་གྲོས་བྱེད་ཀྱིན་ཡོད།

language:
Tibetan