Skip to main content Skip to search
bden 'dzin nyon sgrib tu 'dod pa
ID:
T233862
  • བདེན་འཛིན་ཉོན་སྒྲིབ་ཏུ་འདོད་པ (Tibetan, Tibetan script, Original)
    • > bden 'dzin nyon sgrib tu 'dod pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > dendzin nyön drib tu döpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

འདོད་ཚུལ་འདི་ཡང་ཐལ་འགྱུར་བའི་ལུགས་ཀྱི་ཐུན་མོང་མིན་པའི་ཁྱད་ཆོས་ཆེན་པོ་བརྒྱད་ཀྱི་ནང་གསེས་ཤིག་ཡིན་ཏེ། གང་ཟག་གི་བདག་མེད་ཕྲ་མོ་ཡང་ངེས་པར་རྟོགས་དགོས། དེ་ལྟར་མ་རྟོགས་ན་གཟུགས་ལ་སོགས་པའི་ཕུང་པོ་ལ་བདེན་པར་དམིགས་པས་གང་ཟག་གི་བདག་མེད་ཀྱང་མཚན་ཉིད་རྫོགས་པར་རྟོགས་པར་མི་འགྱུར་ལ་ཉན་རང་གི་དགྲ་བཅོམ་པ་ཡིན་ན་ཆོས་ཀྱི་བདག་འཛིན་སྤངས་པས་ཁྱབ་པ་དང་ཆོས་དང་གང་ཟག་བདེན་པར་འཛིན་པའི་བདེན་འཛིན་གཉིས་ཀ་ཉོན་སྒྲིབ་ཏུ་འདོད་ཅིང།ང་། གཙོ་བོ་ཐར་པ་འཐོབ་པ་ལ་བར་དུ་གཅོད་པའི་སྒྲིབ་པར་འཇོག་གོ།

language:
Tibetan

2. Thupten Phuntsok Dictionary

འདོད་ཚུལ་འདི་ཡང་ཐལ་འགྱུར་བའི་ལུགས་ཀྱི་ཐུན་མོང་མིན་པའི་ཁྱད་ཆོས་ཆེན་པོ་བརྒྱད་ཀྱི་ནང་གསེས་ཤིག་ཡིན་ཏེ། གང་ཟག་གི་བདག་མེད་མཚན་ཉིད་རྫོགས་པར་རྟོགས་པ་ལ་ཆོས་ཀྱི་བདག་མེད་མཚན་འཛིན་ཕྲ་མོ་ཡང་མེད་པར་རྟོགས་དགོས། དེ་ལྟར་མ་རྟོགས་ན་གཟུགས་ལ་སོགས་པའི་ཕུང་པོ་ལ་བདེན་པར་དམིགས་པས་གང་ཟག་གི་བདག་མེད་ཀྱང་མཚན་ཉིད་རྫོགས་པར་རྟོགས་པར་མི་འགྱུར་ལ་ཉན་རང་གི་དགྲ་བཅོམ་པ་ཡིན་ན་ཆོས་ཀྱི་བདག་འཛིན་སྤངས་པས་ཁྱབ་པ་དང་ཆོས་ཀྱི་བདག་མེད་རྟོགས་པས་ཁྱབ་པར་བཞེད་པའི་ཕྱིར་ན། ཆོས་དང་གང་ཟག་བདེན་པར་འཛིན་པའི་བདེན་འཛིན་གཉིས་ཀ་ཉོན་སྒྲིབ་ཏུ་འདོད་ཅིང་། གཙོ་བོ་ཐར་པ་འཐོབ་པ་ལ་བར་དུ་གཅོད་པའི་སྒྲིབ་པར་འཇོག་གོ །

language:
Tibetan