Skip to main content Skip to search
bden bzhi'i khyad chos mi rtag sogs bcu drug
ID:
T233867
  • བདེན་བཞིའི་ཁྱད་ཆོས་མི་རྟག་སོགས་བཅུ་དྲུག (Tibetan, Tibetan script, Original)
    • > bden bzhi'i khyad chos mi rtag sogs bcu drug (Tibetan, Latin script, Transliteration-THL Extended Wylie Transliteration)
    • > denzhi khyechö mitak sok chudruk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

བདེན་བཞིའི་གནས་ལུགས་ཇི་ལྟ་བ་བཞིན་རྟོགས་པ་ནི་འཕགས་པའི་གཟིགས་ངོ་ལས་མེད་པས་ན། དེ་ཡི་ངོར་ཕྱིན་ཅི་མ་ལོག་པའམ་ཡང་དག་པའམ་བདེན་པར་གནས་པས་ན་འཕགས་པའི་བདེན་པ་ཞེས་བྱ་སྟེ། 《བཞི་བརྒྱ་པ》ལས། གལ་ཏེ་བྱིས་པའང་རྣམ་ཀུན་ཏུ།། འཁོར་བའི་ཉེས་དམིགས་ཤེས་གྱུར་ན།། སྐད་ཅིག་དེ་ལ་སེམས་དང་ནི།། སྙིང་དང་ལྷན་ཅིག་གས་པར་འགྱུར།། ཞེས་གསུངས་སོ།སོ།། དེ་ལྟར་འཕགས་པའི་བདེན་པ་དེ་ལ་བཞིར་གྲངས་ངེས་པ་ཡིན་ཏེ། ཐར་པ་དོན་གཉེར་གྱི་དོར་བྱ་འཁོར་བ་ལ། རྒྱུ་ཀུན་འབྱུང་བདེན་པ་དང་འབྲས་བུ་སྡུག་བསྔལ་བདེན་པ་གཉིས་སུ་ངེས་ལ། བླང་བྱ་ཐར་པ་ལའང་འཁོར་བ་ལས་གྲོལ་བའི་ཐབས་ལམ་གྱི་བདེན་པ་དང།ང་། འཁོར་བ་ལས་གྲོལ་བའི་ངོ་བོ་འགོག་པའི་བདེན་པ་གཉིས་སུ་གྲངས་ངེས་པའི་ཕྱིར། བདེན་བཞིའི་གོ་རིམ་ལ་རྒྱུ་འབྲས་དོན་གྱི་རིམ་པ་དང།ང་། ཡུལ་ཅན་མངོན་པར་རྟོགས་པའི་རིམ་པ་གཉིས་ལས་འདིར་ནི་ཕྱི་མའི་དབང་དུ་བྱས་ནས་བརྗོད་པར་བྱ་སྟེ། 《རྒྱུདན་བླ་མ》ལས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། བདེར་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་ལ་ལྟར། སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། ཤེས་བྱ་སྤང་བྱ་རིག་པར་བྱ་ཞིང་བསྟེན་པར་བྱ། ཞེས་གསུངས་པ་ལྟར། འཁོར་བ་སྡུག་བསྔལ་གྱི་ཕུང་པོ་ནི་ནད་དང་འདྲ་བར་ཤེས་པར་བྱ་པ་དང།ང་། དེའི་རྒྱུ་ལས་དང་ཉོན་མོངས་པའི་ཀུན་འབྱུང་ནི་ནད་ཀྱི་རྒྱུ་དང་འདྲ་བར་སྤངས་བྱ། སྡུག་བསྔལ་ཐ་དག་ལས་གྲོལ་བའི་འགོག་པ་ནི་ནད་མེད་པའི་བདེ་བ་དང་འདྲ་བར་ཐོབ་པར་བྱ་བ། དེའི་ཐབས་སུ་ལམ་ཟག་མེད་སྒོམ་པ་ནི་སྨན་བཟང་པོ་དང་འདྲ་བ་བསྟེན་པར་བྱ་བ་ཡིན། དེའང་སྐྱེ་བ་སྔ་མའི་ལས་ཉོན་གྱིས་བསྐྱེད་པའི་ཉེར་ལེན་གྱི་ཕུང་པོའི་རྒྱུན་རྣམས་སྡུག་བསྔལ་བདེན་པའི་ངོ་བོ། མཚན་གཞི་ནི་སྡུག་བསྔལ་གྱི་སྡུག་བསྔལ་དང།ང་། འགྱུར་བའི་སྡུག་བསྔལ་དང།ང་། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་རྣམས་སོ།སོ།། འབྱུང་འགྱུར་ཉེར་ལེན་ཕུང་པོའི་རྒྱུར་འགྱུར་པའི་ལས་ཉོན་རྣམས་ཀུན་འབྱུང་བདེན་པའི་ངོ་བོ། མཚན་གཞི་ནི་ཟག་པ་དང་བཅས་པའི་ལས་དང་ཉོན་མོངས་པ་རྣམས་སོ།སོ།། གཉེན་པོ་ལམ་གྱྱིགྱིས་སྤང་བྱ་ཀུན་འབྱུང་བཅོམ་པའི་སྤངས་པ་ནི་འགོག་བདེན་གྱི་ངོ་བོ། མཚན་གཞི་ནི་སྡུག་བསྔལ་སྤངས་པའི་བྲལ་བའོ།འོ།། ཀུན་འབྱུང་སྤོང་བར་ནུས་ཤིང་རང་འབྲས་འགོག་པ་ཐོབ་པར་བྱེད་པའི་འཕགས་པ་རྣམས་ཀྱི་ཡེ་ཤེས་ནི་ལམ་བདེན་གྱི་ངོ་བོ། མཚན་གཞི་ནི། བདག་མེད་མངོན་སུམ་དུ་རྟོག་པའི་ཤེས་རབ་ལྟ་བུའོ།འོ།། བདེན་པ་བཞི་པོ་དེ་དག་རེ་རེ་ལའང་རྣམ་པ་བཞི་བཞིར་དབྱེ་བས་ཁྱད་ཆོས་བཅུ་དྲུག་ཏུ་འགྱུར་ཏེ། སྡུག་བསྔལ་བདེན་པའི་རྣམ་པ་བཞི་ནི། མི་རྟག་པ། སྡུག་བསྔལ་བ། སྟོང་པ། བདག་མེད་པ་བཞིའོ།འོ།། དེའང་ཉེར་ལེན་གྱི་ཕུང་པོ་ཆོས་ཅན། མི་རྟག་པའི་རྣམ་པ་ཡིན་ཏེ། རེས་འགའ་སྐྱེ་བའི་ཕྱིར། སྡུག་བསྔལ་བའི་རྣམ་པ་ཅན་ཡིན་ཏེ། སྡུག་བསྔལ་གྱིས་རྒྱུན་མི་ཆད་པར་འཚེ་བའི་ཕྱིར། སྟོང་པའི་རྣམ་པ་ཡིན་ཏེ། དོན་གཞན་གྱི་བདག་གིས་སྟོང་པའི་ཕྱིར། བདག་མེད་པའི་རྣམ་པ་ཡིན་ཏེ། རང་གི་ངོ་བོར་གྱུར་བའི་བདག་མེད་པའི་ཕྱིར། ཀུན་འབྱུང་བདེན་པའི་རྣམ་པ་བཞི་ནི་རྒྱུ་དང།ང་། ཀུན་འབྱུང།ང་། རབ་སྐྱེ། རྐྱེན་བཞིའོ།འོ།། དེའང་ལས་དང་ཉོན་མོངས་པ་རྣམས་ཆོས་ཅན། ཀུན་འབྱུང་གི་རྒྱུའི་རྣམ་པ་ཡིན་ཏེ། རང་འབྲས་སྡུག་བསྔལ་གྱི་རྩ་བ་ཡིན་པའི་ཕྱིར། ཀུན་འབྱུང་གི་རྣམ་པ་ཡིན་ཏེ། རང་འབྲས་སྡུག་བསྔལ་བ་ཀུན་འབྱུང་བའི་གཞིར་གྱུར་པའི་ཕྱིར། རབ་སྐྱེའི་རྣམ་པ་ཡིན་ཏེ། རང་འབྲས་སྡུག་བསྔལ་དྲག་ཏུ་སྐྱེད་པའི་ཕྱིར། རྐྱེན་གྱི་རྣམ་པ་ཡིན་ཏེ། སྡུག་བསྔལ་གྱི་ཕུང་པོ་སྐྱེ་བའི་གྲོགས་བྱེད་པའི་ཕྱིར། འགོག་བདེན་གྱི་རྣམ་པ་བཞི་ནི། འགོག་པ། ཞི་བ། གྱ་ནོམ། ངེས་འབྱུང་བཞིའོ།འོ།། དེའང་གཉེན་པོའི་སྟོབས་ཀྱིས་སྡུག་བསྔལ་སྤངས་པའི་བྲལ་བ་ཆོས་ཅན། འགོག་པའི་རྣམ་པ་ཡིན་ཏེ། ཉོན་མོངས་པ་དང་སྡིག་པའི་ལས་རྣམས་སྤངས་པའི་བྲལ་བ་ཡིན་པའི་ཕྱིར། ཞི་བའི་རྣམ་པ་ཡིན་ཏེ། སྡུག་བསྔལ་སྤངས་པའི་བྲལ་བ་ཡིན་པའི་ཕྱིར། གྱ་ནོམ་གྱི་རྣམ་པ་ཡིན་ཏེ། ཕན་བདེའི་ངོ་བོར་གྱུར་པའི་ཐར་པ་ཡིན་པའི་ཕྱིར། ངེས་པར་འབྱུང་བའི་རྣམ་པ་ཡིན་ཏེ། སྤངས་པ་སླར་མི་ལྡོག་པའི་ཐར་པ་ཡིན་པའི་ཕྱིར། ལམ་བདེན་གྱི་རྣམ་པ་བཞི་ནི་ལམ། རིགས་པ། སྒྲུབ་པ། ངེས་པར་འབྱིན་པ་བཞིའོ། དེའང་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཆོས་ཅན། ལམ་གྱི་རྣམ་པ་ཡིན་ཏེ། ཐར་པའི་གྲོང་ཁྱེར་དུ་བགྲོད་པར་བྱེད་པའི་ལམ་ཡིན་པའི་ཕྱིར། རིགས་པའི་རྣམ་པ་ཡིན་ཏེ། མི་རིགས་པ་ཉོན་མོངས་པའི་དངོས་གཉེན་ཡིན་པའི་ཕྱིར། སྒྲུབ་པའི་རྣམ་པ་ཡིན་ཏེ། སེམས་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་ཡང་དག་པར་སྒྲུབ་པའི་ཕྱིར། ངེས་འབྱིན་གྱི་རྣམ་པ་ཡིན་ཏེ། སྡུག་བསྔལ་གཏན་ཟད་དུ་བྱེད་པའི་ལམ་ཡིན་པའི་ཕྱིར་ཞེས་བདེན་བཞིའི་རྣམ་པ་བཅུ་དྲུག་དང་དེ་དང་འབྲེལ་བའི་རྟགས་བཅུ་དྲུག་བཀོད་པའོ།

language:
Tibetan

2. Thupten Phuntsok Dictionary

བདེན་པ་བཞི་པོ་དེ་དག་རེ་རེ་ལའང་རྣམ་པ་བཞི་བཞིར་དབྱེ་བས་ཁྱད་ཆོས་བཅུ་དྲུག་ཏུ་འགྱུར་ཏེ། སྡུག་བསྔལ་བདེན་པའི་རྣམ་པ་བཞི་ནི། མི་རྟག་པ། སྡུག་བསྔལ་བ། སྟོང་པ། བདག་མེད་པ་བཞིའོ། །དེའང་ཉེར་ལེན་གྱི་ཕུང་པོ་ཆོས་ཅན། མི་རྟག་པའི་རྣམ་པ་ཡིན་ཏེ། རེས་འགའ་སྐྱེ་བའི་ཕྱིར། སྡུག་བསྔལ་བའི་རྣམ་པ་ཅན་ཡིན་ཏེ། སྡུག་བསྔལ་གྱིས་རྒྱུན་མི་ཆད་པར་འཚེ་བའི་ཕྱིར། སྟོང་པའི་རྣམ་པ་ཡིན་ཏེ། དོན་གཞན་གྱི་བདག་གིས་སྟོང་པའི་ཕྱིར། བདག་མེད་པའི་རྣམ་པ་ཡིན་ཏེ། རང་གི་ངོ་བོ་གྱུར་པའི་བདག་མེད་པའི་ཕྱིར། ཀུན་འབྱུང་བདེན་པའི་རྣམ་པ་བཞི་ནི་རྒྱུ་དང་། ཀུན་འབྱུང་། རབ་སྐྱེ། རྐྱེན་བཞིའོ། །དེའང་ལས་དང་ཉོན་མོངས་པ་རྣམས་ཆོས་ཅན། ཀུན་འབྱུང་གི་རྒྱུའི་རྣམ་པ་ཡིན་ཏེ། རང་འབྲས་སྡུག་བསྔལ་བ་ཀུན་འབྱུང་བའི་གཞིར་གྱུར་པའི་ཕྱིར། རབ་སྐྱེའི་རྣམ་པ་ཡིན་ཏེ། རང་འབྲས་སྡུག་བསྔལ་དྲག་ཏུ་སྐྱེད་པའི་ཕྱིར། རྐྱེན་གྱི་རྣམ་པ་ཡིན་ཏེ། སྡུག་བསྔལ་གྱི་ཕུང་པོ་སྐྱེད་བའི་གྲོགས་བྱེད་པའི་ཕྱིར། འགོག་བདེན་གྱི་རྣམ་པ་བཞི་ནི། འགོག་པ། ཞི་བ། གྱ་ནོམ། ངེས་འབྱུང་བཞིའོ། །དེའང་གཉེན་པོའི་སྟོབས་ཀྱིས་སྡུག་བསྔལ་སྤངས་པའི་བྲལ་བ་ཆོས་ཅན། འགོག་པའི་རྣམ་པ་ཡིན་ཏེ། ཉོན་མོངས་པ་དང་སྡིག་པའི་ལས་རྣམས་སྤངས་པའི་བྲལ་བ་ཡིན་པའི་ཕྱིར། ཞི་བའི་རྣམ་པ་ཡིན་ཏེ། སྡུག་བསྔལ་སྤངས་པའི་བྲལ་བ་ཡིན་པའི་ཕྱིར། གྱ་ནོམ་གྱི་རྣམ་པ་ཡིན་ཏེ། ཕན་བདེའི་ངོ་བོར་གྱུར་པའི་ཐར་བ་ཡིན་པའི་ཕྱིར། ངེས་པར་འབྱུང་བའི་རྣམ་པ་ཡིན་ཏེ། སྤངས་པ་སླར་མི་ལྡོག་པའི་ཐར་པ་ཡིན་པའི་ཕྱིར། ལམ་བདེན་གྱི་རྣམ་པ་བཞི་ནི་ལམ། རིགས། སྒྲུབ་པ། ངེས་པར་འབྱིན་པ་བཞིའོ། །དེའང་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཆོས་ཅན། ལམ་གྱི་རྣམ་པ་ཡིན་ཏེ། ཐར་པའི་གྲོང་ཁྱེར་དུ་བགྲོད་པར་བྱེད་པའི་ལམ་ཡིན་པའི་ཕྱིར། རིགས་པའི་རྣམ་པ་ཡིན་ཏེ། མི་རིགས་པ་ཉོན་མོངས་པའི་དངོས་གཉེན་ཡིན་པའི་ཕྱིར། སྒྲུབ་པའི་རྣམ་པ་ཡིན་ཏེ། སེམས་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་ཡང་དག་པར་སྒྲུབ་པའི་ཕྱིར། ངེས་འབྱིན་གྱི་རྣམ་པ་ཡིན་ཏེ། སྡུག་བསྔལ་གཏན་ཟད་དུ་བྱེད་པའི་ལམ་ཡིན་པའི་ཕྱིར་ཞེས་བདེན་བཞིའི་རྣམ་པ་བཅུ་དྲུག་དང་དེ་དང་འབྲེལ་བའི་རྟགས་བཅུ་དྲུག་བཀོད་པའོ། །

language:
Tibetan