Skip to main content Skip to search
bden bzhi'i chos 'khor bskor skabs kyi bzlas pa bcu gnyis
ID:
T233868
  • བདེན་བཞིའི་ཆོས་འཁོར་བསྐོར་སྐབས་ཀྱི་བཟླས་པ་བཅུ་གཉིས (Tibetan, Tibetan script, Original)
    • > bden bzhi'i chos 'khor bskor skabs kyi bzlas pa bcu gnyis (Tibetan, Latin script, Transliteration-THL Extended Wylie Transliteration)
    • > den shyi chökhor kor kab kyi depa chunyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

སྡུག་བསྔལ་འཕགས་པའི་བདེན་པ། ཀུན་འབྱུང་འཕགས་པའི་བདེན་པ། འགོག་པ་འཕགས་པའི་བདེན་པ། ལམ་འཕགས་པའི་བདེན་པ་ཞེས་ངོ་བོ་ལ་བཟླས་པ་དང།ང་། སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ་ཞེས་བྱེད་པ་ལ་བཟླས་པ་དང།ང་། སྡུག་བསྔལ་ཤེས་པར་བྱ་སྟེ་ཤེས་པར་བྱར་མེད། ཀུན་འབྱུང་སྤང་བར་བྱ་སྟེ་སྤང་བར་བྱར་མེད། འགོག་པ་མངོན་དུ་བྱ་སྟེ་མངོན་དུ་བྱར་མེད། ལམ་བསྒོམ་པར་བྱ་སྟེ་སྒོམ་པར་བྱར་མེད་ཅེས་བྱ་བ་འབྲས་བུ་བཟླས་པའོ།འོ།། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པ་ཞེས་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ།སོ།། ཤེས་པ་སྐྱེས་སོ།སོ།། རིག་པ་སྐྱེས་སོ།སོ།། བློ་སྐྱེས་སོ།སོ།། དེ་བཞིན་དུ་གཞན་གཉིས་དང་བཅས་བློ་བཞི་སྐྱེས་ན་བཟླས་པ་བཅུ་གཉིས་སོ།སོ།།

language:
Tibetan

2. Thupten Phuntsok Dictionary

སྡུག་བསྔལ་འཕགས་པའི་བདེན་པ། ཀུན་འབྱུང་འཕགས་པའི་བདེན་པ། འགོག་པ་འཕགས་པའི་བདེན་པ། ལམ་འཕགས་པའི་བདེན་པ་ཞེས་ངོ་བོ་ལ་བཟླས་པ་དང་། སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ་ཞེས་བྱེད་པ་ལ་བཟླས་པ་དང་། སྡུག་བསྔལ་ཤེས་པར་བྱ་སྟེ་ཤེས་པར་བྱར་མེད། ཀུན་འབྱུང་སྤང་བར་བྱ་སྟེ་སྤང་བར་བྱར་མེད། འགོག་པ་མངོན་དུ་བྱ་སྟེ་མངོན་དུ་བྱར་མེད། ལམ་བསྒོམ་པར་བྱ་སྟེ་སྒོམ་པར་བྱར་མེད་ཅེས་བྱ་བ་འབྲས་བུ་ལ་བཟླས་པའོ། །འདི་ནི་སྡུག་བསྔལ་འཕགས་པའི་བདེན་པ་ཞེས་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ན་མིག་སྐྱེས་ན་བཟླས་པ་བཅུ་གཉིས་སོ། །

language:
Tibetan