- mdangs rim lnga
- ID:
- T233879
- མདངས་རིམ་ལྔ (Tibetan, Tibetan script, Original)
- > mdangs rim lnga (Tibetan, Latin script, Transliteration-THL Extended Wylie Transliteration)
- > dang rim nga (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
མ་གཞི་དངོས་གཟུགས་ཐོག་འོད་ཀྱི་གསལ་མུན་གྱི་མདངས་རིམ་རྙོག་དྲ་ཚ་ལ་འགྱུར་ལྡོག་མང་པོ་ཡོད་ཀྱང་། སྤྱིར་བཏང་ཐོག་རྩ་བའི་མདངས་རིམ་ལྔར་དབྱེ་ཡོད་པ་སྟེ། གསལ་ཆ་འོད་འཕྲོ་སའི་ཆ་ཤས། ༡ གསལ་ངོས་-ཐད་ཀར་འོད་འཕྲོ་སའི་ཆ་ཤས། ༢ ནག་སིའི་ངོས་-དཀྱིལ་དབུས་ཀྱི་ངོས་ལ་ཟེར། དེ་ནི་གསལ་ཆའི་ཟུར་ངོས་ལ་གནས་ཡོད། མུན་ཆ་འོད་ཀྱི་ལྡོག་ཕྱོགས་ཀྱི་ཆ་ཤས། ༣ གསལ་མུན་གཉིས་ཀྱི་མཚམས་ཐིག་-གསལ་ཆ་ནས་རིམ་བཞིན་མུན་ཆར་འགྱུར་ལྡོག་འགྲོ་སའི་མཚམས། ༤ མུན་ཆ་-འོད་ཀྱི་ལྡོག་ཕྱོགས་ཀྱི་ཆ། ༥ ལྡོག་འོད་-མུན་ཆར་ཁོར་ཡུག་གི་དངོས་པོ་གཞན་གྱི་ལྡོག་འོད་ཕོག་པའི་ཤུགས་རྐྱེན་ལས་ཐོན་པའི་མུན་ཆར་འོད་འཕྲོ་བའི་ཆ་དེ་ཡིན།
- language:
- Tibetan