- mda' dpon lha sdings pa
- ID:
- T233892
- མདའ་དཔོན་ལྷ་སྡིངས་པ (Tibetan, Tibetan script, Original)
- > mda' dpon lha sdings pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > dapön lha dingpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
མདའ་དཔོན་ལྷ་སྡིངས་པ་དགྲ་ལྷ་ནི་དབྱིན་ཇི་བཙན་འཛུལ་དམག་ལ་འཐབ་རྩོད་བྱེད་སྐབས་རང་སྲོག་བློས་བཏང་བའི་བཙན་རྒོལ་གྱི་དཔའ་བོ་ཞིག་རེད། ཁོང་ནི་རབ་བྱུང་བཅུ་བཞི་པའི་མེ་སྟག་(༡༨༦༦)ལོར་འཁྲུངས་ཤིང།ང་། དེ་སྔའི་བོད་ས་གནས་སྲིད་གཞུང་གི་ཤོད་དྲུང་སྲས་རྣམ་པ་དང་ཆིབས་དཔོན་ཆེན་མོ་བ། དེ་རྗེས་བོད་དམག་གི་གཙང་མདའ་དཔོན་གྱི་ལས་འགན་བཞེས་པར་མདའ་དཔོན་ལྷ་སྡིངས་སྲས་སུ་གྲགས། རབ་བྱུང་བཅོ་ལྔ་པའི་ཆུ་ཡོས་(༡༩༠༣)ལོའི་ཟླ་བ་༡༡པར་དབྱིན་ཇི་བཙན་འཛུལ་པས་སིང་པའི་རྐང་དམག་ཆིག་སྟོང་བཞི་བརྒྱ་ཙམ་དང།ང་། གོར་ཥའི་དམག་མི་གྲངས་བདུན་བརྒྱ། རྟ་དམག་བརྒྱ། མིམེ་སྒྱོགས་དང་མེ་མདའ་སྦག་སྦག་གི་དམག་སྡེ་ཁག་གཅིག།ག སྨན་ཁང་དང།ང་། རྒྱབ་ཕྱོགས་མཁོ་སྤྲོད་དཔུང་སྡེ་སོགས་མི་གྲངས་ཆིག་ཁྲི་ལྷག་ཙམ་སྒྲིག་འཛུགས་བྱས་པའི་ནང་དབྱིན་ཇིའི་མི་བརྒྱ་ལྷག་ཙམ་ལས་མེད། དབྱིན་དམག་གི་དམག་དཔོན་ཆེན་པོ་རྨཱ་ཁཱ་ཐང་རྣའི་བཀོད་འདོམས་འོག་ཧྲང་ཞའོ་དམག་དཔོན་རུང་ཧའོ་ཕང་གིས་དམག་སྣེ་ཁྲིད་དེ་ལོ་དེའི་ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན་དབྱིན་དམག་རྣམས་ནག་ཐང་དུ་འཛོམས། དེ་ནས་རིམ་བཞིན་རྫ་ལེབ་ལ་བརྒལ་ཏེ་གྲོ་མོ་རིན་ཆེན་སྒང་དང།ང་། ཕག་རི་སྟོད་ལ། གུ་རུ་སོགས་སུ་འོངས། སྐབས་དེ་དུས་བོད་ཀྱི་ཡུལ་དམག་སུམ་སྟོང་ལྷག་ཙམ་གཡུལ་སའི་མདུན་ཕྱོགས་ཕག་རིར་འབྱོར་ནས་འགོག་རྒོལ་མཐའ་གཅིག་ཏུ་བྱས་ཀྱང།ང་། དུས་དེར་དབྱིན་དམག་གིས་ཕག་རི་བཙན་བཟུང་བྱས་རྗེས་རིམ་བཞིན་རྒྱལ་རྩེ་ཕྱོགས་སུ་དམག་སྐྱོད་བྱེད་པའི་གྲབས་བྱས། བོད་དམག་གི་རྒྱབ་ཕྱོགས་སུ་དཔུང་རོགས་ཇི་ཡོད་མ་ཤེས་སྟབས་དབྱིན་ཇིས་དོ་པོ་དབོར་འདྲེན་མཁན་བོད་མི་གཉིས་ཆེད་མངགས་ཕྱུགས་རྫིར་བརྫུས་ནས་ཀ་ལ་བར་བོད་དམག་གི་རྒྱབ་ཕྱོགས་སུ་དཔུང་རོགས་གང་དང་གང་ཡོད་ཉུལ་ཞིབ་ལ་བཏང་སྐབས་མི་གཅིག་འཛིན་བཟུང་བྱས་པ་དང།ང་། གཅིག་བྲོས་ཤོར་བས་རྒྱབ་ཕྱོགས་སུ་དཔུང་དམག་འབོར་ཆེན་ཡོད་པའི་གནས་ཚུལ་རྣམས་དབྱིན་དམག་གི་འགོ་དཔོན་ལ་བཤད་སྟབས་དངངས་སྐྲག་རབ་ཏུ་སྐྱེས་ཏེ་བྱེད་ཐབས་བསྒྱུར་ནས་གཡོ་ཅན་དྲང་བརྫུས་ཀྱིས་ཤིང་འབྲུག་(༡༩༠༤)ལོའི་ཟླ་དང་པོའི་ཚེས་བཅོ་ལྔ་ཞོགས་པ་དུད་སྣེ་ནས་བོད་ཀྱི་དམག་སྒར་ལ་དབྱིན་བོད་ཞི་གྲོས་མི་སྣ་གང་མགྱོགས་ལྷན་འཛོམས་བྱ་རྒྱུའི་ཡི་གེ་བཏང་བར་བོད་ཀྱི་དཔོན་དམག་རྣམས་དབྱིན་དམག་གི་གཡོ་རྒྱུའི་སྦྱོར་བའི་མགོ་སྐོར་འགོའོག་ཚུད་དེ་གྲོས་མོལ་བྱེད་རྒྱུ་ཁས་བླངས། དེ་ནས་མདའ་དཔོན་ལྷ་སྡིངས་སྲས་དང།ང་། རྣམ་སྲས་གླིང།ང་། རྒྱལ་རྩེ་རུ་དཔོན་སྐྱིད་སྦུག་པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་གསོལ་དཔོན་མཁན་པོ་ཟུར་ཁང་ནུབ་སོགས་བོད་ཕྱོགས་ཀྱི་འཐུས་མི་དང།ང་། རུང་ཧའོ་ཕང་སོགས་དབྱིན་ཇིའི་འགོ་དམག་གི་འཐུས་མི་རྣམས་ཆུ་མིག་གཤོངས་ཀོའི་དཀྱིལ་དུ་རྡོའི་རགས་སྐྱོར་ཞིག་ཡོད་སར་འཛོམས་ཐོག་ཕན་ཚུན་གོ་མིང་ངོ་སྤྲོད་བྱེད་རེས་བྱས་རྗེས་དབྱིན་ཇིའི་དམག་དཔོན་རུང་ཧའོ་ཕང་གིས་གྲོལ་མོལ་བྱེད་པར་ཐོག་མར་ཕྱོགས་གཉིས་ཀས་སྔོན་འགྲོའི་ཆ་རྐྱེན་དུ་ཞི་བའི་སྒོ་ནས་གྲོལ་མོལ་བྱེད་དགོས་སྟབས་དྲག་ཆས་འཇོག་དགོས་པས་ཕན་ཚུན་དམག་མི་ཚོའི་མེ་མདའི་ནང་གི་མདེའུ་འདོན་དགོས་ཤིང།ང་། བོད་དམག་ཚོས་སྦུད་ཏིའི་མེ་གསོད་དགོས་པ་དང།ང་། དབྱིན་དམག་ཚང་མས་མེ་མདའི་ཁོག་གི་མདེའུ་ཚང་མ་འདོན་རྒྱུ་ཡིན་ཞེས་བརྗོད། སྐབས་དེར་དགྲ་ཕྱོགས་ཀྱི་ཁ་མཁས་ཚིག་འཇམ་ལ་ཡིད་ཆེས་ཀྱིས་མདའ་དཔོན་ལྷ་སྡིངས་པ་སོགས་འཐུས་མི་རྣམས་ནས་དེ་ལྟར་དང་ལེན་གྱིས་བོད་དམག་རྣམས་ལ་བཀའ་བརྡ་བཏང་བས་བོད་དམག་ཡོངས་ནས་མེ་མདའི་སྦུད་ཏི་བསད་དེ་བློ་ལྷོད་ངང་བསྡད། དབྱིན་ཇི་བཙན་འཛུལ་པ་ནི་གཡོ་འཕྱུལའཕྲུལ་གདུག་རྩུབ་ཀྱི་ལས་ལ་བྱང་ཆུབ་པས་ལྐོག་ཏུ་དབྱིན་དམག་མང་པོ་བོད་དམག་གི་མཐའ་སྐོར་དུ་ཡིབ་སྟེ་བསྡད་ཅིང།ང་། མེ་མདའི་ཁོག་ནང་གི་མདེའུ་བཏོན་ཡང་མེ་མདའི་མཐིལ་གྱི་སྣུམ་བླུགས་སའི་ནང་མདེའུ་སྦས་ཏེ་ཉར། དེ་ནས་ཕན་ཚུན་ཞི་གྲོས་བྱེད་འགོ་ཚུགས་ཏེ་ཆུ་ཚོད་སྐར་མ་བཅོ་ལྔ་ཙམ་སོང་སྐབས་དབྱིན་དམག་གི་དམག་དཔོན་ཞིག་གིས་གློ་བུར་དུ་མེ་མདའ་ཆུང་ཆུང་ཞིག་བཏོན་ནས་ལྷ་སྡིངས་སྲས་དང།ང་། རྣམ་སྲས་གླིང་སོགས་བོད་ཕྱོགས་ཀྱི་འཐུས་མི་རྣམས་ལ་མེ་མདའ་འཕངས་སྟབས་དེ་གར་འཐབ་འཁྲུག་ཆེ་ཙམ་ལངས་རྗེས་བོད་དམག་ཕམ་པ་དང།ང་། མདའ་དཔོན་ལྷ་སྡིངས་སྲས་རྨས་ནས་རོ་ཡི་དཀྱིལ་དུ་ཤི་བརྫུ་བཏབ་པ་དབྱིན་དམག་ལ་གསང་བརྡ་བྱུང་ནས་དབྱིན་དམག་གིས་བཟུང་བར་ཡོང་དུས་ཁོང་གིས་རྟ་བཞོན་ཏེ་ཤར་རིའི་ངོས་བྲོས་སྐབས་མེ་སྐྱོགསསྒྱོགས་འཕངས་པས་ལྷ་སྡིངས་སྲས་དཔའས་ངར་ལྡན་པའི་ངང་སྐུ་གཤེགས། མདོར་ན། ཐེངས་འདིའི་དབྱིན་འགོལ་དམག་འཁྲུག་ལ་ཕམ་ཉེས་བྱུང་ནའང་བོད་ཀྱི་སེར་སྐྱ་དམག་དམངས་ཡོངས་ཀྱིས་བོད་མདའ་དང་མདའ་གྲི་མདུང་གསུམ། འུར་རྡོ་སོགས་འཁྱེར་ཏེ་མེ་སྒྱོགས་དང།ང་། འཕྲུལ་མདའ། མེ་མདའ་སྦག་སྦག་སོགས་དེང་རབས་ཅན་གྱི་མཚོན་ཆ་འཁྱེར་བའི་དབྱིན་ཇི་བཙན་འཛུལ་དམག་ལ་དཔའ་ངར་ཞུམ་པ་མེད་པའི་དམག་འཐབ་ཡང་ཡང་བྱས་ཏེ་མེས་རྒྱལ་གྱི་མཐའ་མཚམས་དང།ང་། རང་ཉིད་ཀྱི་ཕ་ཡུལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་རང་སྲོག་བློས་བཏང་བའི་སྐུ་བཤེགས་དཔའ་བོའི་མཛད་རྗེས་ལ་བསྔགས་པར་འོས་སོ།སོ།།
- language:
- Tibetan
2. Thupten Phuntsok Dictionary
མདའ་དཔོན་ལྷ་སྡིངས་པ་དགྲ་ལྷ་ནི་དབྱིན་ཇི་བཙན་འཛུལ་དམག་ལ་འཐབ་རྩོད་བྱེད་སྐབས་རང་སྲོག་བློས་བཏང་བའི་བཙན་རྒོལ་གྱི་མི་རིགས་དཔའ་བོ་ཞིག་རེད།
- language:
- Tibetan