- mdud pa dgu sgrig
- ID:
- T233910
- མདུད་པ་དགུ་སྒྲིག (Tibetan, Tibetan script, Original)
- > mdud pa dgu sgrig (Tibetan, Latin script, Transliteration-THL Extended Wylie Transliteration)
- > düpa gu drik (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སྐུད་པ་ཁ་དོག་མི་འདྲ་བ་རིགས་གཉིས་ཀྱིས་མདུད་པ་ཁོ་ནས་སླས་པ་ཞིག་སྟེ། སླས་གདན་ཐག་པའམ་ཤིང་ཐུར་རིང་ཐུང་རང་ལ་གང་དགོས་ཀྱི་ཚད་དེའི་ཐོག་ཏུ་མདུད་གཞི་སྐུད་པ་གཅིག་ལ། མདུད་བྱེད་སྐུད་པ་དཀར་པོ་བཞི་དང་ནག་པོ་བཞི་བཅས་བརྒྱད་ཀྱིས། རིམ་བཞིན་མདུད་པ་བཏབས་ཏེ་སླས་གདན་ལ་བསྐོར་ནས་ཆུ་མིག་གསལ་བར་བྱས་ཡོད་པ་དང་། སླས་གདན་དེ་ཤིང་ཡིན་ན་ངེས་པར་དུ་ཕྱིར་འཐེན་དགོས་པས་ནང་སྟོང་པ་ཡིན། སླས་གདན་ཐག་པ་ཡིན་ན་རང་སོར་འཇོག་ཆོག དེ་རྟ་སོགས་ཀྱི་སྐེ་འགིས་བྱ་ཆོག་ཧ་ཅང་མཛེས་པོ་ཞིག་ཀྱང་ཡིན།
- language:
- Tibetan