- mdo mkhar ba'i dngul gdung
- ID:
- T233941
- མདོ་མཁར་བའི་དངུལ་གདུང (Tibetan, Tibetan script, Original)
- > mdo mkhar ba'i dngul gdung (Tibetan, Latin script, Transliteration-THL Extended Wylie Transliteration)
- > dokharwé ngüldung (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
མདོ་མཁར་བ་(རགས་ཤག་)ནི་སྡེ་དཔོན་ཆེན་པོ་བཞིའི་གྲས་ཡིན་ལ་སྟག་ལུང་དགོན་པའི་དགོན་བདག་ཀྱང་ཡིན་པ་མ་ཟད། ག་ཟིའི་གདུང་རྒྱུད་ཅེས་སྟག་ལུང་གི་གདུང་རྒྱུད་རྩ་ཆེར་བརྩི་སྲོལ་ལྟར་མདོ་མཁར་བའི་མི་ངོ་སྐྱེས་པ་ཁྱིམ་པ་ཞིག་ཡིན་རུང་སྟག་ལུང་གི་གྲྭ་པས་ཕྱག་འཚལ་སྲོལ་ཡོད། མདོ་མཁར་བའི་མི་ངོ་སྐྱེས་པ་རྒན་གཞོན་གང་འདྲ་ཞིག་འདས་གྲོངས་སོང་རུང་དེའི་སྤུར་ཞུགས་འབུལ་གྱིས་སྤུར་ཐལ་བཅུག་པའི་དངུལ་གྱི་མཆོད་རྟེན་རེ་བཞེངས་ཏེ་སྟག་ལུང་དགོན་པར་འཇོག་སྲོལ་བཞིན་བོད་རབ་བྱུང་བཅུ་དྲུག་པའི་མེ་བྱ་(༡༩༥༧)ལོར་དེ་སྔའི་བོད་ས་གནས་སྲིད་གཞུང་གི་བཀའ་བློན། རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན། བོད་དམག་ཁུལ་ཁང་གི་སི་ལིང་ཡོན་གཞོན་པ་མདོ་མཁར་ཕུན་ཚོགས་རབ་རྒྱས་ཀྱི་གདུང་རྟེན་ཡང་སྟག་ལུང་དགོན་པར་བཞེངས་སྐད།
- language:
- Tibetan
2. Thupten Phuntsok Dictionary
མདོ་མཁར་བ (རག་ཤག) ནི་སྡེ་དཔོན་ཆེན་པོ་བཞིའི་གྲས་ཡིན་ལ་སྟག་ལུང་དགོན་པའི་དགོན་བདག་ཀྱང་ཡིན་པ་མ་ཟད། ག་ཟིའི་གདུང་རྒྱུད་ཅེས་སྟག་ལུང་གི་གདུང་རྒྱུད་རྩ་ཆེར་བརྩི་སྲོལ་ལྟར་མདོ་མཁར་བའི་མི་ངོ་སྐྱེས་པ་ཁྱིམ་པ་ཞིག་ཡིན་རུང་སྟག་ལུང་གི་གྲྭ་པས་ཕྱག་འཚལ་སྲོལ་ཡོད། མདོ་མཁར་བའི་མི་ངོ་སྐྱེས་པ་རྒན་གཞོན་གང་འདྲ་ཞིག་འདས་གྲོངས་སོང་རུང་དེའི་སྤུར་ཞུགས་འབུལ་གྱིས་སྤུར་ཐལ་བཅུག་པའི་དངུལ་གྱི་མཆོད་རྟེན་རེ་བཞེངས་ཏེ་སྟག་ལུང་དགོན་པར་འཇོག་སྲོལ་བཞིན་བོད་རབ་བྱུང་བཅུ་དྲུག་པའི་མེ་བྱ་ (༡༩༥༧) ལོར་དེ་སྔའི་བོད་ས་གནས་སྲིད་གཞུང་གི་བཀའ་བློན། རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན། བོད་དམག་ཁུལ་ཁང་གི་སི་ལིང་ཡོན་གཞོན་པ་མདོ་མཁར་ཕུན་ཚོགས་རབ་རྒྱས་ཀྱི་གདུང་རྟེན་ཡང་སྟག་ལུང་དགོན་པར་བཞེངས་སྐད།
- language:
- Tibetan