- mdo sde rgyan gyi Tik+ka
- ID:
- T233954
- མདོ་སྡེ་རྒྱན་གྱི་ཊིཀྐ (Tibetan, Tibetan script, Original)
- > mdo sde rgyan gyi Tik+ka (Tibetan, Latin script, Transliteration-THL Extended Wylie Transliteration)
- > dodé gyen gyi tikka(?) (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
བྱང་ཆུབ་སེམས་དཔའ་བྱམས་པས་མཛད་པའི《མདོ་སྡེ་རྒྱན》ལ་རྒྱ་གར་གྱི་མཁས་པ་དང་བོད་ཀྱི་མཁས་པ་མང་པོས་བརྩམས་པའི་འགྲེལ་བཤད་ཡོད་ཅིང།ང་། རྒྱ་གར་གྱི་སྐད་ནས་བོད་ཀྱི་སྐད་དུ་བསྒྱུར་བའི་མདོ་སྡེ་རྒྱན་གྱི་འགྲེལ་བཤད་ལ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི《མདོ་སྡེ་རྒྱན་གྱི་བཤད་པ》(བསྟན་འགྱུར་པོད【ཕི】པའི་ནང་ཡོད) སློབ་དཔོན་བཙུན་པ་ངོ་བོ་ཉིད་མེད་པས་མཛད་པའི《མདོ་སྡེ་རྒྱན་གྱི་འགྲེལ་བཤད》(བསྟན་འགྱུར་པོད【བི】པའི་ནང་ཡོད) སློབ་དཔོན་བློ་གྲོས་བརྟན་པས་མཛད་པའི《མདོ་སྡེ་རྒྱན་གྱི་འགྲེལ་བཤད》(བསྟན་འགྱུར་པོད【མི】དང【ཙི】གཉིས་ལ་ཡོད)སོགས་ཁ་ཤས་དང།ང་། དེ་མིན་བོད་ཀྱི་ཆོས་ལུགས་རིས་མེད་ཀྱི་མཁས་པ་དགའ་ཞིག་གིས་ཀྱང་འགྲེལ་བཤད་མཛད་པ་ཡོད། གོང་གསལ་རྒྱ་གར་ནས་བོད་དུ་བསྒྱུར་བ་རྣམས་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་ལོ་ཙྰཙཱ་བ་སྐ་བ་དཔལ་བརྩེགས་ལ་སོགས་པས་བསྒྱུར་བ་ཡིན།
- language:
- Tibetan
2. Thupten Phuntsok Dictionary
མདོ་སྡེ་རྒྱན་གྱི་འགྲེལ་བ་ལ་རྒྱ་བོད་ཀྱི་མཁས་པ་སོ་སོས་མཛད་པ་མང་།
- language:
- Tibetan