Skip to main content Skip to search
mdo mang dgon
ID:
T233966
  • མདོ་མང་དགོན (Tibetan, Tibetan script, Original)
    • > mdo mang dgon (Tibetan, Latin script, Transliteration-THL Extended Wylie Transliteration)
    • > do mang gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

འཇང་སྒང་ཨ་འཕེན་དང་། ཁོང་གི་ཚ་བོ་ཚུལ་ཁྲིམས་རྡོ་རྗེ་རྣམ་གཉིས་ཀྱིས་བཏབ། དུས་ཚོད་མ་གསལ་ཡང་། བླ་མ་ཚུལ་ཁྲིམས་རྡོ་རྗེ་རྒྱ་ནག་གོང་མ་ཆོན་ལུང་གི་སྐབས་སུ་རྒྱལ་རོང་ཁྲོ་ཆུ་རབ་བརྟན་རྒྱལ་པོ་ལ་མཐུ་ཟོར་བཏང་བའི་ཆེད་རྒྱ་ནག་ཏུ་གདན་ཞུས་བྱས་པའི་ལོ་རྒྱུས་ལ་གཞིགས་ན་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་ཙམ་ལ་བཏབས་པ་འདྲ། གྲུབ་མཐའ་རྙིང་མ་པ་ཡིན། ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བྲག་འགོ་རྫོང་ཁོངས་སུ་ཡོད།

language:
Tibetan