Skip to main content Skip to search
mdo smad kyi rgyal rgyud
ID:
T233967
  • མདོ་སྨད་ཀྱི་རྒྱལ་རྒྱུད (Tibetan, Tibetan script, Original)
    • > mdo smad kyi rgyal rgyud (Tibetan, Latin script, Transliteration-THL Extended Wylie Transliteration)
    • > do mé kyi gyal gyü (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

མཚོ་སྔོན་དུ་ཡོད་པའི་རྒྱལ་རྒྱུད་སྔར་བོད་ཀྱི་རྒྱལ་པོ་དཔའ་འཁོར་བཙན་གྱིས་སྲིད་དབང་བཟུང་ནས་ལོ་བཅུ་གཅིག་པ་ཤིང་ཡོས(ཐང་ཀྲའོ་ཙུང་གི་ཆེན་ཉིང་ཁྲི་ལོ་གཉིས་པ)(༨༩༤)ལོར་ཞིང་པའི་གྱེན་ལངས་ཀྱི་འགོ་པ་བློན་པོ་ཤུན་པུ་སྟག་རྩེ་གཉགས་ཀྱིས་རྒྱལ་པོ་དཔལ་འཁོར་བཙན་བཀྲོངས་པའི་རྗེས་སུ། དེའི་བུ་ཆེ་བ་སྐྱིད་ལྡེ་ཉི་མ་མགོན་དང།ང་། ཆུང་བ་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་གཉིས་མངའ་རིས་སུ་བྲོས་པ་ལས། བུ་ཆེ་བའི་རྒྱུད་ནས་ལ་དྭགས་དང།ང་། གུ་གེའི་རྒྱལ་རྒྱུད་རྣམས་བྱུང་ཞིང།ང་། བུ་ཆུང་བ་བཀྲ་ཤིས་བརྩེགས་པ་དཔལ་ལ་བུ་གསུམ་ཡོད་པའི་འབྲིང་པོ་འོད་ལྡེ་ལ་བུ་བཞི་བྱུང།ང་། བུ་གཉིས་པ་ཁྲི་ལྡེ་ཟེར་བ་མདོ་སྨད་དུ་སོང་ནས་མདོ་སྨད་ཀྱི་རྒྱལ་རྒྱུད་རྣམས་བྱུང་བ་ལ་རྒྱལ་སྲས་ཚོ་བ་ཟེར་ཞིང།ང་། རང་རྒྱལ་གྱི་སུང་རྒྱལ་རབས་དང་ཚོང་ལས་ཀྱི་འབྲེལ་བ་ལེགས་པོ་བྱུང་ཡོད།

language:
Tibetan

2. Thupten Phuntsok Dictionary

མཚོ་སྔོན་དུ་ཡོད་པའི་རྒྱལ་རྒྱུད་སྔར་བོད་ཀྱི་རྒྱལ་པོ་དཔལ་འཁོར་བཙན་གྱིས་སྲིད་དབང་བཟུང་ནས་ལོ་བཅུ་གཅིག་པ་ཤིང་ཡོས་སྤྱི་ལོ་༨༩༥ལོར་ཞིང་པའི་གྱེན་ལངས་ཀྱི་འགོ་པ་བློན་པོ་ཤུན་པུ་སྟག་རྩེ་གཉགས་ཀྱིས་རྒྱལ་པོ་དཔལ་འཁོར་བཙན་བཀྲོངས་པའི་རྗེས་སུ། དེའི་བུ་ཆེ་བ་སྐྱིད་ལྡེ་ཉི་མ་མགོན་དང་། ཆུང་བ་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་གཉིས་མངའ་རིས་སུ་བྲོས་པ་ལས། བུ་ཆེ་བའི་རྒྱུད་ནས་ལ་དྭགས་དང་། གུ་གེའི་རྒྱལ་རྒྱུད་རྣམས་བྱུང་ཞིང་། བུ་ཆུང་བ་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་ལ་བུ་གསུམ་ཡོད་པའི་འབྲིང་པོ་འོད་ལྡེ་ལ་བུ་བཞི་བྱུང་། བུ་གཉིས་པ་ཁྲི་ལྡེ་ཟེར་བ་མདོ་སྨད་དུ་སོང་ནས་མདོ་སྨད་ཀྱི་རྒྱལ་རྒྱུད་རྣམས་བྱུང་བ་ལ་རྒྱལ་སྲས་ཚོ་བ་ཟེར་ཞིང་། རང་རྒྱལ་གྱི་སུང་རྒྱལ་རབས་དང་ཚོང་ལས་ཀྱི་འབྲེལ་བ་ལེགས་པོ་བྱུང་ཡོད།

language:
Tibetan