- 'dab chags cham rims
- ID:
- T234000
- འདབ་ཆགས་ཆམ་རིམས (Tibetan, Tibetan script, Original)
- > 'dab chags cham rims (Tibetan, Latin script, Transliteration-THL Extended Wylie Transliteration)
- > dab chak cham rim (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
འདབ་ཆགས་ཆམ་རིམས་ནད་དུག་ལས་བྱུང་བའི་རིམས་ནད་ཅིག་ཡིན་པ་དང་མི་ལའང་འགོས་ཀྱི་ཡོད། ནད་དེ་འགོས་རྗེས་ཚ་བ་བརྒྱབ་པ་དང་། གློ་རྒྱག་པ། སྣ་ཆུ་འཛག་པ། ཤ་གནད་ན་བ་སོགས་བྱེད་ཀྱི་ཡོད། ཕལ་ཆེ་བར་གློ་ཚད་ཚབས་ཆེན་ན་བ་དང་། ཚབས་ཆེ་བར་སྙིང་མཁལ་སོགས་ནང་ཁྲོལ་ནུས་པ་ཉམས་ནས་འཆི་ཡི་ཡོད། འཆི་ཚད་ཤིན་ཏུ་ཆེ། དེ་ནི་འཇུ་ལམ་དང་དབུགས་ལམ། ལྤགས་རྨ། མིག་སོགས་ལམ་མང་པོ་ནས་འགོས་ཀྱི་ཡོད།
- language:
- Tibetan