- 'dam brgya shog brgyad
- ID:
- T234009
- འདམ་བརྒྱ་ཤོག་བརྒྱད (Tibetan, Tibetan script, Original)
- > 'dam brgya shog brgyad (Tibetan, Latin script, Transliteration-THL Extended Wylie Transliteration)
- > dam gya shok gyé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འདམ་གཞུང་ས་ཁུལ་ཏེ་དེ་སྔ་མན་ཆིང་གོང་མས་གཞུང་བཟང་བརྩི་སྲུང་དྲང་བདེན་ལས་སྐྱོང་མཛངས་ཅན་ཞེས་པའི་ཆོ་ལོ་གནང་མྱོང་བའི་སོག་པོ་གུ་ཤྲི་ཧན་གྱི་དབྱར་དུས་ཀྱི་བཞུགས་གནས་ཡིན་ལ་གུ་ཤྲི་ཧན་གྱི་དམག་དཔུང་ཁག་གཅིག་བཅའ་སྡོད་བྱ་ཡུལ་ཡང་ཡིན་པས་འདམ་བརྒྱ་ཤོག་བརྒྱད་ཟེར་བ་ཡིན། དེ་ཡང་བོད་རབ་བྱུང་བཅུ་གསུམ་པའི་ལྕགས་ལུག་(༡༧༥༡)ལོ་ཆན་ལུང་ཁྲི་ལོ་བཅུ་དྲུག་པར་མན་ཆིང་རྒྱལ་རབས་ཀྱིས་འདམ་བརྒྱ་ཤོག་བརྒྱད(ཚོ་པ་བརྒྱད)བོད་སྡོད་ཨན་བན་གྱི་ཐད་ཀའི་མངའ་ཁོངས་སུ་བཅུག།ག སྐབས་དེར་ཚོ་པ་རེར་ཐེམ་དུདབརྒྱ་ཡས་མས་ཡོད་པ་དང།ང་། དེར་བརྒྱ་དཔོན་རེ་དང་བོད་དམག་དཔོན་གཙོ་ལིང་རེ། རྟ་དམག་གི་དམག་དཔོན་ཁུན་ཏུའུ་རེ་ཡོད་པ་དེ་དག་ཚང་མ་བོད་སྡོད་ཨམ་བན་གྱིས་ཐད་ཀར་བསྐོ་གཞག་བྱེད་ཀྱི་ཡོད། བརྒྱ་ཤོག་བརྒྱད་པོ་དེར་དམག་དཔོན་གྱི་རང་བཞིན་ཕྱེད་ཙམ་ལྡན་ཡོད་པས་ལོ་ལྟར་དམག་མི་བརྒྱད་ཅུ་གྱ་སུམ་རེ་ལྷ་སར་བཏང་ནས་བོད་སྡོད་ཨམ་བན་གྱི་བཀོད་འདོམས་འོག་ཏྰཏཱ་ལའི་བླ་མའི་སྐུ་སྲུང་གི་ལས་འགན་སྒྲུབ་ཀྱི་ཡོད། བོད་རབ་བྱུང་བཅོ་ལྔ་པའི་ཆུ་གླང(༡༩༡༣)ལོ་ནས་བཟུང་འདམ་བརྒྱ་ཤོག་བརྒྱད་པོ་སེ་ར་སྤྱི་སོས་རྩིས་ལེན་དོ་དམ་བྱས། རབ་བྱུང་བཅུ་དྲུག་པའི་ས་ཕག(༡༩༥༩)ལོར་དམངས་གཙོའི་བཅོས་བསྒྱུར་བྱས་རྗེས་ས་གནས་དེར་འདམ་གཞུང་རྫོང་མི་དམངས་སྲིད་གཞུང་བཙུགས་ནས་ལྷ་ས་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།
- language:
- Tibetan
2. Thupten Phuntsok Dictionary
འདམ་གཞུང་ས་ཁུལ་ཏེ་དེ་སྔ་མན་ཆིང་གོང་མས་གཞུང་བཟང་བརྩི་སྲུང་དྲང་བདེན་ལས་སྐྱོང་མཛངས་ཅན་ཞེས་པའི་ཆོ་ལོ་གནང་མྱོང་བའི་སོག་པོ་གུ་ཤྲི་ཧན་གྱི་དབྱར་དུས་ཀྱི་བཞུགས་གནས་ཡིན་ལ་གུ་ཤྲི་ཧན་གྱི་དམག་དཔུང་ཁག་གཅིག་བཅའ་སྡོད་བྱ་ཡུལ་ཡང་ཡིན་པས་འདམ་བརྒྱ་ཤོག་བརྒྱད་ཟེར་བ་ཡིན། དེ་ཡང་བོད་རབ་བྱུང་བཅུ་གསུམ་པའི་ལྕགས་ལུག (༡༧༥༡) ལོ་ཆན་ལུང་ཁྲི་ལོ་བཅུ་དྲུག་པར་མན་ཆིང་རྒྱལ་རབས་ཀྱིས་འདམ་བརྒྱ་ཤོག་བརྒྱད (ཚོ་པ་བརྒྱད) བོད་སྡོད་ཨམ་བན་གྱི་ཐད་ཀའི་མངའ་ཁོངས་སུ་བཅུག སྐབས་དེར་ཚོ་པ་རེར་ཐེམ་དུད་བོད་བརྒྱ་ཡས་མས་ཡོད་པ་དང་། དེར་བརྒྱ་དཔོན་རེ་དང་བོད་དམག་དཔོན་གཙོ་ལིང་རེ། རྟག་དམག་གི་དམག་དཔོན་ཁུན་ཏུའུ་རེ་ཡོད་པ་དེ་དག་ཚང་མ་བོད་སྡོད་ཨམ་བན་གྱིས་ཐད་ཀར་བསྐོ་གཞག་བྱེད་ཀྱི་ཡོད། བརྒྱ་ཤོག་བརྒྱད་པོ་དེར་དམག་དཔོན་གྱི་རང་བཞིན་ཕྱེད་ཙམ་ལྡན་ཡོད་པས་ལོ་ལྟར་དམག་མི་བརྒྱད་ཅུ་གྱ་གསུམ་རེ་ལྷ་སར་བཏང་ནས་བོད་སྡོད་ཨམ་བན་གྱི་བཀོད་འདོམས་འོག་ཏཱ་ལའི་བླ་མའི་སྐུ་སྲུང་གི་ལས་འགན་སྒྲུབ་ཀྱི་ཡོད། བོད་རབ་བྱུང་བཅུ་དྲུག་པའི་ས་ཕག (༡༩༡༣) ལོ་ནས་བཟུང་འདམ་བརྒྱ་ཤོག་བརྒྱད་པོ་སེ་ར་སྤྱི་སོས་རྩིས་ལེན་དོ་དམ་བྱས། རབ་བྱུང་བཅོ་ལྔ་པའི་ཆུ་གླང (༡༩༥༩) ལོར་དམངས་གཙོའོ་བཅོས་བསྒྱུར་བྱས་རྗེས་ས་གནས་དེར་འདམ་གཞུང་རྫོང་མི་དམངས་སྲིད་གཞུང་བཙུགས་ནས་ལྷ་ས་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།
- language:
- Tibetan