- 'das dang ma 'ongs pa gnyis rtag pa yin
- ID:
- T234017
- འདས་དང་མ་འོངས་པ་གཉིས་རྟག་པ་ཡིན (Tibetan, Tibetan script, Original)
- > 'das dang ma 'ongs pa gnyis rtag pa yin (Tibetan, Latin script, Transliteration-THL Extended Wylie Transliteration)
- > dé dang ma ongpa nyi takpa yin (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
དུས་གསུམ་གྱི་རྣམ་གཞག་བྱེད་ཚུལ་ཐད་མདོ་སྡེ་པ་དང།ང་། སེམས་ཙམ་པ། དབུ་མ་རང་རྒྱུད་པ་བཅས་རྣམས་འདྲ་སྟེ་ད་ལྟ་བ་དང་དངོས་པོ་དོན་གཅིག་ཅིང།ང་། འདས་དང་མ་འོངས་པ་གཉིས་ལ་གཞེད་ཚུལམི་མཐུན་པ་ཡོད་ཀྱང་ཐུན་མོང་དུ་འདས་དང་མ་འོངས་ཡིན་ན་དངོས་པོ་མ་ཡིན་པས་ཁྱབ་པར་འདོད་དེ། དེ་ཡང་མྱུ་གུ་ལྟ་བུའི་དངོས་པོ་གཅིག་འདས་པའི་ཚེ་ན་མྱུ་གུ་སྐྱེས་ཟིན་པ་དེ་འགག་ཅིང་ཞིག་པའི་ཆར་གྱུར་པས་འགག་བྱ་བཅད་ཙམ་གྱི་དངོས་མེད་དང།ང་། མ་འོངས་པའི་ཚེ་ན་མྱུ་གུ་དེ་སྐྱེས་པའི་ས་བོན་ཡོད་ཀྱང་དྲོད་གཤེར་སོགས་རྐྱེན་མ་ཚང་བའི་དབང་གིས་རེ་ཞིག་མ་སྐྱེས་པའི་ཆར་གྱུར་པས། དེ་ཡང་རང་གི་དགག་བྱ་རྣམ་པར་བཅད་ཙམ་མ་ཡིན་པའི་རང་གི་ངོ་བོ་ཅུང་ཟད་ཀྱང་གྲུབ་པ་མེད་པས། དེའི་ཕྱིར་འདས་མ་འོངས་ཡིན་ན་དངོས་པོར་མ་གྲུབ་པས་ཁྱབ་པ་ཡིན་ཞེས་འདོད། རང་ལུགས་སུ་འདས་མ་འོངས་གཉིས་རྟག་པར་འདོད་པ་ཡིན་ཏེ། ཞིག་པའི་ཆར་གྱུར་པའི་མེད་དགག་དང།ང་། མ་སྐྱེས་པའི་ཆར་གྱུར་པའི་མེད་དགག་གཉིས་ལ་སྔ་རྗེས་སུ་འདས་པ་དང་མ་འོངས་པར་འཇོག་པའི་ཕྱིར།
- language:
- Tibetan
2. Thupten Phuntsok Dictionary
དུས་གསུམ་གྱི་རྣམ་གཞག་བྱེད་ཚུལ་ཐད་མདོ་སྡེ་པ་དང་། སེམས་ཙམ་པ། དབུ་མ་རང་རྒྱུད་པ་བཅས་རྣམས་འདྲ་སྟེ་ད་ལྟ་བ་དང་དངོས་པོ་དོན་གཅིག་ཅིང་། འདས་དང་མ་འོངས་པ་གཉིས་ལ་བཞེད་ཚུལ་མི་མཐུན་པ་ཡོད་ཀྱང་ཐུན་མོང་དུ་འདས་མ་འོངས་ཡིན་ན་དངོས་པོ་མ་ཡིན་པས་ཁྱབ་པར་འདོད་དེ། དེ་ཡང་མྱུ་གུ་སྐྱེས་ཟིན་པ་དེ་འགག་ཅིང་ཞིག་པའི་ཆར་གྱུར་པས་དགག་བྱ་བཅད་ཙམ་གྱི་དངོས་མེད་དང་། མ་འོངས་པའི་ཚེ་ན་མྱུ་གུ་དེ་སྐྱེས་པའི་ས་བོན་ཡོད་ཀྱང་དྲོད་གཤེར་སོགས་རྐྱེན་མ་ཚང་བའི་དབང་གིས་རེ་ཞིག་མ་སྐྱེས་པའི་ཆར་གྱུར་པས། དེ་ཡང་རང་གི་དགག་བྱ་རྣམ་པར་བཅད་ཙམ་མ་ཡིན་པའི་རང་གི་ངོ་བོ་ཅུང་ཟད་ཀྱང་གྲུབ་པ་མེད་པས། དེའི་ཕྱིར་འདས་མ་འོངས་ཡིན་ན་དངོས་པོར་མ་གྲུབ་པས་ཁྱབ་པ་ཡིན་ཞེས་འདོད། རང་ལུགས་སུ་འདས་མ་འོངས་གཉིས་རྟག་པར་འདོད་པ་ཡིན་ཏེ། ཞིག་པའི་ཆར་གྱུར་པའི་མེད་དགག་དང་། མ་སྐྱེས་པའི་ཆར་གྱུར་པའི་མེད་དགག་གཉིས་ལ་སྔ་རྗེས་སུ་འདས་པ་དང་མ་འོངས་པར་འཇོག་པའི་ཕྱིར།
- language:
- Tibetan