- 'dul 'dzin dpal ldan bzang po
- ID:
- T234057
- འདུལ་འཛིན་དཔལ་ལྡན་བཟང་པོ (Tibetan, Tibetan script, Original)
- > 'dul 'dzin dpal ldan bzang po (Tibetan, Latin script, Transliteration-THL Extended Wylie Transliteration)
- > dul dzin palden zangpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྗེ་འདི་ནི་གཙང་རྟ་ནག་མདར་རབ་བྱུང་བདུན་པའི་ཆུ་རྟ(༡༤༠༢)ལོར་འཁྲུངས། སྐུ་གཞོན་དུས་སྣར་ཐང་གྲུབ་པའི་ཤེས་རབ་ལས་རབ་ཏུ་བྱུང།ང་། དེ་ལས་བཀའ་གདམས་ཀྱི་ཆོས་མང་དུ་གསན། ལོ་ཙྰཙཱ་བ་སམ་གྷ་ཤྲི་ལས་སྒྲ་དང།ང་། སྙན་ངག།ག མངོན་བརྗོད། རྩིས་སོགས་ཐ་སྙད་ཀྱི་གཙུག་ལག་ལ་སྦྱངས་པ་མཛད། རྗེ་དགེ་འདུན་གྲུབ་པ་ལས་སྡེ་སྣོད་ཀྱི་ཆོས་དང།ང་། རྗེ་ཤེས་རབ་སེང་གེ་ལས་དཔལ་གསང་བ་འདུས་པའི་རྒྱུད་འགྲེལ་སོགས་གསང་སྔགས་ཀྱི་ཆོས་མང་དུ་གསན། དེ་བཞིན་མཁས་གྲུབ་ཆོས་རྗེ་ལ་སོགས་པའི་བླ་མ་མང་དུ་བསྟེན་ནས་ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་ལ་མངའ་བརྙེས། རྗེ་ཉིད་ཀྱིས་སྣར་ཐང་ལ་བསྟེན་ཅིང་གདན་ས་གོང་འོག་གཉིས་སུ་ཡང་ཆོས་གཞིས་མཛད་དེ་དཔལ་གསང་འདུས་རྒྱུད་འགྲེལ་གྱི་འཆད་ཉན་བཙུགས། རྗེས་སུ་དགའ་ལྡན་ལ་ཕེབས་ཏེ་རྗེའི་དྲུང་ནས་དུས་འཁོར་འགྲེལ་ཆེན་གྱི་བཤད་པ་སོགས་གསན། དཔལ་གསང་བ་འདུས་པའི་རྩ་རྒྱུད་ལེའུ་བཅུ་བདུན་པ་སོ་སོའི་རྡོ་རྗེའི་ཚིག་རྐང་ཟབ་མོའི་ལམ་འཁྲུགས་པ་རྣམས་སྒྲུབ་པ་པོའི་ཉམས་ལེན་གྱི་རིམ་པར་བསྒྲིགས་པ་ལེའུ་སོ་སོའི་དཀའ་གནད་མཐའ་གཅོད་པའི་ཁུངས་དང་བཅས་རིན་པོ་ཆེའི་གཏེར་མཛོད་ཅེས་པའི་ཊྰིཀཊཱིཀ་ཆེན་མཛད། གཙང་དུ་སྲད་རྒྱུད་པའི་བླ་རབས་གཉིས་པ་གནང།ང་། མཁན་ཆེན་བཟོད་པ་དཔལ་གྲུབ་གཤེགས་ནས་རྗེ་འདི་ཉིད་དགུང་ལོ་རེ་དགུ་བཞེས་པ་ལྕགས་སྟག(༡༤༧༠)ལོར་སྣར་ཐང་ཆོས་སྡེའི་ཁྲིར་ཕེབས་ནས་གདན་ས་ལོ་གསུམ་བསྐྱངས་ཏེ། དགུང་ལོ་བདུན་ཅུ་དོན་གཉིས་བཞེས་པ་རབ་བྱུང་བརྒྱད་པའི་ཆུ་སྦྲུལ(༡༤༧༣)ལོར་སྐུ་གཤེགས།
- language:
- Tibetan
2. Thupten Phuntsok Dictionary
རྗེ་འདི་ནི་རབ་བྱུང་བདུན་པའི་ཆུ་རྟ (༡༤༠༢) ལོར་གཙང་རྟ་ནག་མདར་འཁྲུངས། སྐུ་གཞོན་དུས་སྣར་ཐང་གྲུབ་པའི་ཤེས་རབ་ལས་རབ་ཏུ་བྱུང། དེ་ལས་བཀའ་གདམས་ཀྱི་ཆོས་མང་དུ་གསན། ལོ་ཙཱ་བ་སམ་གྷ་ཤྲི་ལས་སྒྲ་དང་། སྙན་ངག་མངོན་བརྗོད། རྩིས་སོགས་ཐ་སྙད་ཀྱི་གཙུག་ལག་ལ་སྦྱངས་པ་མཛད། རྗེ་དགེ་འདུན་གྲུབ་པ་ལས་སྡེ་སྣོད་ཀྱི་ཆོས་དང་། རྗེ་ཤེས་རབ་སེང་གེ་ལས་དཔལ་གསང་བ་འདུས་པའི་རྒྱུད་འགྲེལ་སོགས་གསང་སྔགས་ཀྱི་ཆོས་མང་དུ་གསན། རྗེས་སུ་དགའ་ལྡན་ལ་ཕེབས་ཏེ་རྗེའི་དྲུང་ནས་དུས་འཁོར་འགྲེལ་ཆེན་གྱི་བཤད་པ་སོགས་གསན། རྗེ་འདི་ཉིད་དགུང་ལོ་རེ་དགུ་བཞེས་པ་ལྕགས་སྟག (༡༤༧༠) ལོར་སྣར་ཐང་ཆོས་སྡེའི་ཁྲིར་ཕེབས་ནས་གདན་ས་ལོ་གསུམ་བསྐྱངས་ཏེ། དགུང་ལོ་བདུན་བཅུ་དོན་གཉིས་བཞེས་པ་རབ་བྱུང་བརྒྱད་པའི་ཆུ་སྦྲུལ (༡༤༧༣) ལོར་སྐུ་གཤེགས།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བདུན་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ 1402 ལོར་རྟ་ནག་མདར་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་ཆུ་མོ་སྦྲུལ་ལོ་སྟེ་སྤྱི་ལོ 1473 ལོར་འབྲི་མཚམས་སུ་སྐུ་གཤེགས། ཁོང་མཁན་ཆེན་གྲུབ་པ་ཤེས་རབ་ཀྱི་མདུན་ནས་རབ་བྱུང་གི་སྡོམ་པ་མནོས། བཀའ་གདམས་པའི་ཆོས་སྐོར་ཐམས་ཅད་གསན་སྦྱངས་མཛད། ལོ་ཆེན་སམ་གྷ་ཤྲཱི་ལས་སྒྲ་དང་། སྙན་ངག མངོན་བརྗོད། རྩིས་སོགས་ཐ་སྙད་ཀྱི་གཙུག་ལག་རྣམས་བསླབས། རྗེ་དགེ་འདུན་གྲུབ་ལས་སྡེ་སྣོད་ཀྱི་ཆོས་མང་དུ་གསན། རྗེ་ཤེས་རབ་སེང་གེ་ལས་དཔལ་གསང་བ་འདུས་པའི་རྒྱུད་འགྲེལ་སོགས་གསང་སྔགས་ཀྱི་ཆོས་སྐོར་མང་དུ་གསན། ཁོང་གིས་སྣར་ཐང་དུ་བརྟན་ཅིང་གདན་ས་གོང་འོག་གཉིས་སུའང་ཆོས་གཞིས་མཛད་དེ་དཔལ་གསང་བ་འདུས་པའི་རྒྱུད་འགྲེལ་གྱི་འཆད་མཉན་བཙུགས། ཚོགས་པས་རྩ་རྒྱུད་ལ་ནར་མའི་ཞལ་འདོན་མཛད། རབ་བྱུང་བརྒྱད་པའི་ལྕགས་ཕོ་སྟག་ལོ་སྤྱི་ལོ 1470 ལོར་གདན་སའི་ཁྲི་ལ་ཕེབས། ལོ་ངོ་གསུམ་གྱི་རིང་དུ་གདན་སའི་འཕྲིན་ལས་བསྐྱངས་སོ། ཁོང་ནི་དཔལ་སྣར་ཐང་དགོན་པའི་གདན་རབས་བཅོ་བརྒྱད་པ་ཡིན། །
- language:
- Tibetan