- rdo sgor
- ID:
- T234256
- རྡོ་སྒོར (Tibetan, Tibetan script, Original)
- > rdo sgor (Tibetan, Latin script, Transliteration-THL Extended Wylie Transliteration)
- > do gor (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྡོ་སྒོར་ནི་དེ་སྔ་བོད་དུ་དར་ཁྱབ་ཆེ་ལ། རྒྱག་སྟངས་ཐད་ལུང་ཚན་སོ་སོར་མི་འདྲ་བ་ཡོད། ལྷ་སར་རྡོ་སྒོར་རྒྱག་སྟངས་ནི། གཡག་གི་རྭ་ཅོ་དང་ཡང་ན་ས་རྡོའི་ཐོ་འབོག་གི་འབེན་བཙུགས་ཤིང་། རྒྱང་ཐག་སྤྱི་ཁྲེ་ལྔ་བཅུ་ཙམ་གྱི་ས་ནས་རྡོ་གཡུག་དགོས། རྡོ་སྒོར་རྒྱག་མཁན་རྣམས་ཀྱིས་གཡུགས་བྱེད་རྡོ་ཡི་ལྗིད་ཚད་སྤྱི་རྒྱ་གང་ཙམ་ཡོད་པ་དབྱིབས་སྒོར་མོ་དང་གྲུ་བཞི་གང་རུང་མང་ཉུང་གཅིག་མཚུངས་སོ་སོའོ་མདུན་དུ་སྤུངས་ནས་སྔ་རྟིང་གིས་རྡོ་སྒོར་གཡུགས་ཏེ་འབེན་དེ་དག་གཏོར་ཐུབ་པ་བྱེད་ཀྱི་ཡོད། ཡང་འབྲི་གཡག་གི་རྭ་ཅོའི་རྩེ་ལ་རྔ་དམར་བཀོན་ཏེ་རྡོ་སྒོར་གྱིས་གཏོར་ཐུབ་མིན་འགྲན་པ་དང་།རྔ་དམར་གཡུགས་ཐུབ་ན་ལེགས་པར་བརྩི་སྲོལ་ཡོད། རྡོ་སྒོར་གཡུགས་སྐབས་རྒྱང་རྡོ་གཞུས་པ་ལྟར་ གྱི་མིན་པར་ལག་པ་དང་རྡོ་ཁ་སླངས་ཏེ་འདྲོང་པོར་བཞུས་ནས་དམིགས་སའི་འབེནགལ་འབེན་ལ་ཕོག་པ་དེ་གཏོར་ཐུབ་པ་བྱེད་རྒྱུ་དེ་ཡིན།
- language:
- Tibetan
2. Thupten Phuntsok Dictionary
རྡོ་སྒོར་ནི་དེ་སྔ་བོད་དུ་དར་ཁྱབ་ཆེ་ལ། རྒྱག་སྟངས་དེ་ལུང་ཚན་སོ་སོར་ཅུང་མི་འདྲ་བ་ཡོད། ལྷ་སར་རྡོ་སྒོར་རྒྱག་སྟངས་ནི། གཡག་གི་རྭ་ཅོ་དང་ཡང་ན་ས་རྡོའི་ཐོ་འབོག་གི་འབེན་བཙུགས་ཤིང་། རྒྱང་ཐག་སྤྱི་ཁྲེ་ལྔ་བཅུ་ཙམ་གྱི་ས་ནས་རྡོ་གཡུགས་ཏེ་འབེན་དེ་དག་གཏོར་ཐུབ་པ་བྱེད་ཀྱི་ཡོད། ཡང་འབྲི་གཡག་གི་རྭ་ཅོའི་རྩེ་ལ་རྔ་དམར་བཀོན་ཏེ་རྡོ་སྒོར་གྱིས་གཏོར་ཐུབ་མིན་འགྲན་པ་སོགས་བྱེད་སྲོལ་ཡོད།
- language:
- Tibetan