- rdo rje 'chang gzhon nu blo gros
- ID:
- T234266
- རྡོ་རྗེ་འཆང་གཞོན་ནུ་བློ་གྲོས (Tibetan, Tibetan script, Original)
- > rdo rje 'chang gzhon nu blo gros (Tibetan, Latin script, Transliteration-THL Extended Wylie Transliteration)
- > dorjé chang shyönnu lodrö (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
བོད་རབ་བྱུང་དགུ་པའི་མེ་མོ་ཕག་གི་ལོ་སྟེ་སྤྱི་ལོ༡༥༢༧ལོར་གངས་ཅན་གྱི་ཡུལ་འདིའི་དབུས་ཀྱི་ཆ་ཡོལ་ཕུ་རི་གོང་དུ་ཡབ་ནང་པ་དབོན་པོ་མཚོ་སྐྱེས་རྡོ་རྗེ་དང་། ཡུམ་ཨ་སྲས་མ་རྒྱལ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་དགེ་མཚན་དུ་མ་དང་བཅས་ཏེ་སྐུ་འཁྲུངས། མཚན་དཔལ་འབྱོར་གསོལ། དགུང་ལོ་བདུན་པར་རྗེ་ཕྲིན་ལས་པའི་དྲུང་དུ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་ནོད་དེ་མཚན་གཞོན་ནུ་བློ་གྲོས་གསོལ། དགུང་ལོ་བཅུ་དྲུག་པར་ཐུབ་བསྟན་ཕྱོགས་བརྒྱར་སྤེལ་བའི་ཆོས་གྲྭ་སྐྱེད་ཚལ་འོག་ཏུ་ཕེབས་ཏེ། གྲྭ་ཚང་དེའི་དགུན་ཆོས་དང་པོ་ནས་བཟུང་སྒྲིགས་འགྲིག་མཛད་དེ། སློབ་དཔོན་རིག་པའི་དབང་ཕྱུག་ལས་ཕར་ཕྱིན། སྡོམ་གསུམ་བཅས་ཀྱི་ཁྲིད་དང་། ཐེག་པ་ཆེ་ཆུང་གི་བསླབ་བྱ། བྱམས་ཆོས་སྡེ་ལྔ། ས་སྐྱའི་ལེགས་བཤད་སོགས་ཀྱི་ལུང་རྒྱུན་མང་པོ་གསན། ཚོགས་ཆེན་མཁན་པོ་ནམ་མཁའ་བཀྲ་ཤིས་སོགས་དད་པའི་དགེ་འདུན་གྲངས་ཚང་གི་དབུས་སུ་བསྙེན་པར་རྫོགས། དེ་ནས་བཟུང་སྟེ་སྡོམ་པ་མིག་འབྲས་བཞིན་དུ་གཅེས་པར་བསྐྱངས་ཤིང་། བདེ་ཡངས་ཀྱི་ཆོས་ཁྲི་མཐོན་པོ་ལ་མངའ་གསོལ་ཏེ་ལོ་བཅོ་ལྔ་གདན་ས་བསྐྱངས་ཏེ་མཚན་ཉིད་གྲྭ་སར་སློབ་གཉེར་ལ་ཡོད་པ་རྣམས་ལ་བདེ་ཡངས་ཀྱི་ཚོགས་སྐལ་གཏོང་བའི་སྲོལ་གསར་བཙུགས་དང་། སོ་ཐར་རིགས་བདུན་གྱི་སྡོམ་པ་འབོགས་ཆོག གཞི་གསུམ་གྱི་ཕྱག་ལེན་རྣམས་ལ་དག་སྦྱོར། གཞན་ཡང་པར་ཕུ་དང་། འདར་གྱི་གདན་ས། རྡོ་མཐོང་སྨོན་དགོན་སོགས་སུ་བྱོན་ནས་མདོ་རྒྱུད་རྒྱུད་སྡེ་རབ་འབྱམས་ཀྱི་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར་ཞིང་། སྐལ་ལྡན་གྱི་ལས་སློབ་རྣམས་ལ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་སློབ་བཤད་ཀྱི་དབང་ལུང་མན་ངག་དང་བཅས་པ་ཚར་དུ་མ་བསྩལ། མཐར་དགུང་གྲངས་བདུན་ཅུ་དོན་གསུམ་པ་བོད་རབ་བྱུང་བཅུ་པའི་ས་མོ་ཕག་གི་ལོ་སྟེ་སྤྱི་ལོ་༡༥༩༩ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས།
- language:
- Tibetan