- rdo rje dang dril bu
- ID:
- T234271
- རྡོ་རྗེ་དང་དྲིལ་བུ (Tibetan, Tibetan script, Original)
- > rdo rje dang dril bu (Tibetan, Latin script, Transliteration-THL Extended Wylie Transliteration)
- > dorjé dang drilbu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྡོ་རྗེ་དང་དྲིལ་བུ་ནི་སངས་རྒྱས་ཆོས་ལུགས་ཀྱི་གསང་སྔགས་ནས་བཤད་པའི་ལྷ་ཡི་ཕྱག་མཚན་གྱི་རིགས་ཤིག་ཡིན། རྡོ་རྗེ་ཡང་རྡོ་རྗེ་རྩེ་ལྔ་པ་དང་། རྡོ་རྗེ་རྩེ་དགུ་པ། རྡོ་རྗེ་ཕྱེད་པ་སོགས་མི་འདྲ་བ་ཡོད་པ་དང།ང་།དྲིལ་བུ་ལ་རྒྱལ་བ་རིགས་ལྔ་ཀའི་ས་བོན་དང་ཕྱག་མཚན་རི་མོ་འབུར་དོད་དུ་ཡོད་པའི་དམ་ཚིག་གི་དྲིལ་བུ་དང་།རིགས་ལྔ་སོ་སོའི་དྲིལ་བུ་བཅས་མི་འདྲ་བ་ཡོད། ཞིབ་པར་མཁས་གྲུབ་རིན་པོ་ཆེ་དགེ་ལེགས་དཔལ་བཟང་གིས་མཛད་པའི་《རྣལ་འབྱོར་རོལ་པའི་དགའ་སྟོན》དང་། སོག་པོ་དམ་ཚིག་རྡོ་རྗེས་མཛད་པའི《གསང་སྔགས་ཀྱི་དམ་ཚིག་གི་རྫས་དང་ཡོ་བྱད་ཀྱི་རྣམ་བཞག》གཉིས་སུ་གསལ་བས་དེར་གཟིགས།
- language:
- Tibetan
2. Thupten Phuntsok Dictionary
སངས་རྒྱས་ཀྱི་གསུང་ལས་གསང་སྔགས་ནས་བཤད་པའི་ལྷ་ཡི་ཕྱག་མཚན་གྱི་རིགས་ཤིག་ཡིན། རྡོ་རྗེ་རྩེ་ལྔ་པ་དང་། རྩེ་དགུ་པ། རྡོ་རྗེ་ཕྱེད་པ་སོགས་མི་འདྲ་བ་ཡོད་པ་དང་། དྲིལ་བུ་ལ་རྒྱལ་བ་རིགས་ལྔ་ཀའི་ས་བོན་དང་ཕྱག་མཚན་རི་མོ་འབུར་དོད་དུ་ཡོད་པའི་དམ་ཚིག་གི་དྲིལ་བུ་དང་། རིགས་ལྔ་སོ་སོའི་དྲིལ་བུ་བཅས་མི་འདྲ་བ་ཡོད།
- language:
- Tibetan