Skip to main content Skip to search
rdo rje phag mo sku phreng dgu pa
ID:
T234273
  • རྡོ་རྗེ་ཕག་མོ་སྐུ་ཕྲེང་དགུ་པ (Tibetan, Tibetan script, Original)
    • > rdo rje phag mo sku phreng dgu pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > dorjé pakmo ku treng gupa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྡོ་རྗེག་ཕག་མོ་སྐུ་ཕྲང་ཕྲེང་དགུ་པ་ཆོས་དབྱིངས་བདེ་ཆེན་མཚོ་མོ་ནི། ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པའི་ཡབ་གཞིས། པནཆེན་སྐུ་ཕྲེང་བདུན་པའི་སྐུ་མཆེད་དུ་ལྷ་ཀླུ་དགའ་ཚལ་བར་སྐུ་བལྟམས། དགུང་ལོ་དགུ་ལ་སྲིད་སྐྱོང་ཚེ་སྨོན་གླིང་ངག་དབང་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོར་གཙུག་ཕུད་དུ་ཕུལ། མཚན་ངག་དབང་བློ་བཟང་ཆོས་དབྱིངས་བདེ་ཆེན་མཚོ་མོ་ཞེས་གསོལ། བསམ་སྡིང་གི་གདན་སའི་ཁྲི་ལ་མངའ་གསོལ། བོ་དོང་པནཆེན་གྱི་བཞེད་སྲོལ་ལ་མཁས་པའི་དམ་པ་འཕྲིན་ལས་ལྷུན་གྲུབ་དང་། རིག་འཛིན་རྣམ་རྒྱལ་སོགས་རིས་མེད་ཀྱི་དགེ་བའི་བཤེས་གཉེན་དུ་མ་བསྟེན་ཏེ་གསན་བསམ་ཉམས་བཞེས་མཛད་ནས་མཁས་གྲུབ་ཀྱི་མཚན་སྙན་གང་སར་ཁྱབ། དད་རྫས་རྣམས་ཆུད་བཟོས་སུ་མ་སོང་ཕྱིར་དགོན་པར་གཙུག་ལག་ཁང་། རྟེན་དང་རྟེན་པར་བཅས་པ་གསར་བཞེངས་དང་ཉམས་པ་གསོ་རྒྱ་ཆེ་གནང།ང་། དགོངས་གཏེར་དཔལ་མོ་སྙིང་ཐིག་སོགས་བརྩམས་ཆོས་ཀྱང་མང་ཙམ་ཡོད། དགུང་གྲངས་ཇི་བཞུགས་ཡིག་ལམ་མ་མཐོང་ཡང་སྐུ་འདས་ས་བསམ་ཡས་སུ་ཡིན་པ་དང་། སྐུ་གདུང་བསམ་སྡིང་དུ་གདན་དྲངས་འདུག།ག

language:
Tibetan

2. Thupten Phuntsok Dictionary

རྡོ་རྗེ་ཕག་མོ་སྐུ་ཕྲེང་དགུ་པ་ཆོས་དབྱིངས་བདེ་ཆེན་མཚོ་མོ་ནི། ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པའི་ཡབ་གཞིས། པཎ་ཆེན་སྐུ་ཕྲེང་བདུན་པའི་སྐུ་མཆེད་དུ་ལྷ་དགའ་ཚལ་བར་སྐུ་བལྟམས། དགུང་ལོ་དགུ་ནས་གཙུག་ཕུད་ཕུལ། མཚན་ངག་དབང་བློ་བཟང་ཆོས་དབྱིངས་བདེ་ཆེན་མཚོ་མོ་ཞེས་གསོལ། རིག་འཛིན་རྣམ་རྒྱལ་སོགས་རིས་མེད་ཀྱི་དགེ་བའི་བཤེས་གཉེན་དུ་མ་བསྟེན་ཏེ་གསན་བསམ་མཛད། མཐར་བསམ་ཡས་སུ་སྐུ་གཤེགས།

language:
Tibetan