- rdo ston shes rab grags
- ID:
- T234289
- རྡོ་སྟོན་ཤེས་རབ་གྲགས (Tibetan, Tibetan script, Original)
- > rdo ston shes rab grags (Tibetan, Latin script, Transliteration-THL Extended Wylie Transliteration)
- > do tön sherab drak (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འདི་ཉིད་རབ་བྱུང་གཉིས་པའི་མེ་མོ་ལུག(༡༡༢༧)ལོར་ཤབ་ཀྱི་དྲང་མདའི་ཐུ་ལུང་དུ་སྐུ་འཁྲུངས། དགེ་བཤེས་གོང་མ་ཉིད་ཀྱིས་ལེགས་པར་བསྐྱངས་ནས་བཀའ་གདམས་ཀྱི་གདམ་པ་མ་ལུས་པ་ཐུགས་སུ་ཆུད། དགུང་ལོ་བཞི་བཅུའི་ཐོག་སྣར་ཐང་གི་གདན་ས་མཛད་དེ་ལྔ་བཅུ་རྩ་དགུའི་བར་ལོ་ངོ་ཉི་ཤུའི་རིང་ཚོགས་དཔོན་མཛད་པས་སྣར་ཐང་པ་ཆེན་པོ་ཞེས་ཕྱོགས་ཐམས་ཅད་དུ་གྲགས་པས་ཁྱབ། ཚོགས་པའང་ཆེ་བར་བསྡུས་ཤིང་བཀའ་གདམས་ཀྱི་བསྟན་པ་ཉི་མ་ལྟར་གསལ་བར་མཛད། རབ་བྱུང་གསུམ་པའི་ཤིང་སྦྲུལ(༡༡༨༥)ལོར་མྱ་ང་ན་ལས་འདས། གདུན་གདུང་་རྟེན་ནི་གདན་ས་དང་པོའི་གདུང་རྟེན་གྱི་ཤར་ན་བཞུགས་སོ།སོ།།
- language:
- Tibetan
2. Thupten Phuntsok Dictionary
འདི་ཉིད་རབ་བྱུང་གཉིས་པའི་མེ་མོ་ལུག་(༡༡༢༧)ལོར་ཤབ་ཀྱི་དྲང་མདའི་ཐུ་ལུང་དུ་སྐུ་འཁྲུངས། དགེ་བཤེས་གོང་མ་ཉིད་ཀྱིས་ལེགས་པར་བསྐྱངས་ནས་བཀའ་གདམས་ཀྱི་གདམ་པ་མ་ལུས་པ་ཐུགས་སུ་ཆུད། ཚོགས་པའང་ཆེ་བར་བསྡུས་ཤིང་བཀའ་གདམས་ཀྱི་བསྟན་པ་ཉི་མ་ལྟར་གསལ་བར་མཛད། རབ་བྱུང་གསུམ་པའི་ཤིང་སྦྲུལ་(༡༡༨༥)ལོར་སྐུ་གཤེགས།
- language:
- Tibetan