- rdo ba char 'bebs
- ID:
- T234297
- རྡོ་བ་ཆར་འབེབས (Tibetan, Tibetan script, Original)
- > rdo ba char 'bebs (Tibetan, Latin script, Transliteration-THL Extended Wylie Transliteration)
- > dowa charbeb (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རྒྱ་མཚོ་སེར་པོ་དང་། ཤར་རྒྱ་མཚོ། ལྷོ་རྒྱ་མཚོ་སོགས་རྒྱ་མཚོ་ཆེན་པོར་གནས་པའི་ཉ་ཆེ་ཆུང་རིགས་གཉིས་ཡོད་པ་གང་རུང་ཞིག་གི་ཀླད་པའི་ནང་གི་གཡས་གཡོན་ཕྱོགས་གཉིས་ལ་རྡེའུ་ཆེ་ཆུང་གསུམ་རེ་ཡོད་པའི་ནང་གི་ཆེ་བ་སྟེ། དབྱིབས་སྒོང་ནར་སྒང་གསུམ་གྱི་རྣམ་པ་ཅན། ཆེ་ཆུང་མི་དར་མའི་མཐེབ་མགོ་ཙམ་པ་ཁ་དོག་ཤིན་ཏུ་དཀར་པོ་དཀར་ཡོལ་འདྲ་བ་འོད་དང་ལྡན་པ། ཤིན་ཏུ་སྲ་ཞིང་མཁྲེགས་པས་བཏུལ་དཀའ་བ་ཞིག་གོ །འདི་རྒྱ་ནག་གི་ཀྲེ་ཅང་ཕྱོགས་ནས་ཐོན་པ་མང་། རྫས་འགྱུར་གྱི་གྲུབ་ཆ་གཙོ་བོ་ནི་CaCO {FT7}3 ཡིན་ཞིང་འདྲེས་ཚད་མཐོ། རོ་ནུས། རོ་མངར་བསྐ། ཞུ་རྗེས་བསིལ། ནུས་པས་ཀླད་པའི་ནད་ལ་ཕན།
- language:
- Tibetan