- rdo brag dgon pa
- ID:
- T234300
- རྡོ་བྲག་དགོན་པ (Tibetan, Tibetan script, Original)
- > rdo brag dgon pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > do drak gönpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སྡེ་དགེ་རྒྱལ་པོས་སྦྱིན་བདག་མཛད་ནས་བཞེངས་པའི་དགོན་པ། གུ་བཀྲའི་ཆོས་འབྱུང་ལས། སྡེ་དགེའི་ཆོས་རྒྱལ་བློ་གྲོས་རྒྱ་མཚོས་སྦྱིན་བདག་གནང་ནས་བཞེངས་པར་བཤད། ཆོས་རྒྱལ་བློ་གྲོས་རྒྱལ་མཚན་ནི་སྤྱི་ལོ་༡༧༦༦ལོར་སྲིད་ཁྲིར་འཁོད། (༡༧༧༤) ལོར་སྐུ་གཤེགས། དེ་ལྟར་ན་སྤྱི་ལོ་༡༧༧༠ལོ་ཡས་མས་ཙམ་ན་རྡོ་བྲག་དགོན་པ་བཞེངས་པར་ངེས། གྲུབ་མཐའ་རྙིང་མ་པ་ཡིན། ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་ཁོངས་སུ་ཡོད།
- language:
- Tibetan