- rdo ring bka' blon gung paN+Di ta
- ID:
- T234309
- རྡོ་རིང་བཀའ་བློན་གུང་པཎྜི་ཏ (Tibetan, Tibetan script, Original)
- > rdo ring bka' blon gung paN+Di ta (Tibetan, Latin script, Transliteration-THL Extended Wylie Transliteration)
- > do ring kalön gung pandita (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
མཚན་དངོས། མགོན་པོ་དོན་གྲུབ་རབ་བརྟན་ཏེ། བོད་རབ་བྱུང་བཅུ་གཉིས་པའི་ལྕགས་གླང་(༡༧༢༡)ལོར་ཡབ་མངའ་རིས་སྒར་དཔོན་ཚེ་བརྟན་བཀྲ་ཤིས་དང་། ཡུམ་བསོད་ནམས་ལྷ་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྲས་གསུམ་ཡོད་པའི་ནང་ནས་ཆུང་བ་ཡིན། ཆུང་དུས་ནས་སློབ་དཔོན་ཆོས་རྫོང་པའི་སར་ལོ་བདུན་གྱི་རིང་ཡི་གེ་དང་རིག་གནས་སློབ་སྦྱོང་མཛད། ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་དང་ཕོ་ལྷ་བསོད་ནམས་སྟོབས་རྒྱལ་གཉིས་ཀྱི་མདུན་སྒྲ་དང་སྡེབ་སྦྱོར། སྐར་རྩིས། སྙན་ངག་བཅས་ཆ་ཚང་བའི་རྒྱུགས་འབུལ་བྱས་པར་བརྟེན་བྱ་དགའི་དངོས་པོ་དང་མཚན་བསྟོད་ཀྱང་གནང་། མཐར་རབ་བྱུང་བཅུ་གཉིས་པའི་ཆུ་བྱི(༡༧༩༢)ལོར་འདས།
- language:
- Tibetan