Skip to main content Skip to search
rdo ring bstan 'dzin dpal 'byor
ID:
T234310
  • རྡོ་རིང་བསྟན་འཛིན་དཔལ་འབྱོར (Tibetan, Tibetan script, Original)
    • > rdo ring bstan 'dzin dpal 'byor (Tibetan, Latin script, Transliteration-THL Extended Wylie Transliteration)
    • > do ring tendzin paljor (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

སྡེ་དཔོན་དགའ་བཞི་རྡོ་རིང་ཞེས་པ་ནི་སྔར་བོད་ས་གནས་སྲིད་གཞུང་དུས་སུ་མིང་གྲགས་ཆེ་ལ་འབྱོར་སྟོབས་རྒྱས་པའི་དཔོན་རིགས་རྙིང་ཁུངས་སྡེ་དཔོན་ཆེ་ཁག་བཞིའི་གྲས་ཤིག་ཡིན་ཅིང།ང་། རྡོ་རིང་གི་ཕ་མེས་རྣམས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་དུས་ནས་དྲུང་འབྲིང་དཀྱུས་མ་ལུས་པའི་དཔོན་རྒྱུད་ཡིན་པ་དང།ང་། བསྟན་འཛིན་དཔལ་འབྱོར་གྱི་སྤོ་བོའི་གྲས་ཁང་ཆེན་པ་དའི་ཆིང་བ་དུར་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་དང།ང་། རྒྱལ་པོ་ལྷ་བཟང་དུས་གཞིས་བཀར་ཡོངས་ཀྱི་ལས་ཚན་བྱས་མྱོང་ཞིང་སྟོད་སྒར་དཔོན་ལས་ཐོག་སྐབས་མངའ་རིས་བརྒྱུད་བྲོས་འགྲོ་བའི་སོག་པོ་ཇུན་གར་བའི་དམག་རྣམས་རྨེག་མེད་དུ་བཏང་ནས་ཁོ་པ་ཚོས་རྐུ་འཁྱེར་བྱས་པའི་བོད་ས་གནས་སྲིད་གཞུང་གི་ནང་རྟེན་སྲོང་བཙན་སྒམ་པོའི་ཐུགས་དམ་རྟེན་འཕགས་པ་ལོ་ཀེ་ཤྭ་ར་དང།ང་། རིན་ཆེན་རྒྱན་ཆ་སོགས་དགྲ་ལག་ནས་བླངས་ཏེ་ཉམས་མེད་རྩིས་འབུལ་ཞུས་པར་བརྟེན། གོང་མས་ཁོང་ལ་པའེ་སེའི་ཆོ་ལོ་དང་སྦྲགས་བཀའ་བློན་གཙོ་བོའི་མེ་ལུག(༡༧༢༧)ལོར་བཀའ་བློན་ང་ལུམ་སྦྱར་གསུམ་གྱིས་དའི་ཆིང་བ་དུར་བསད་ཅིང་དབུས་དམག་མྱང་སྟོད་ཕྱོགས་སུ་ལྷགས་སྐབས་དའི་ཆིང་བ་དུར་གྱི་གཅུང་པོ། བསྟན་འཛིན་དཔལ་འབྱོར་གྱི་སྤོ་བོ་ངོ་དྲུང་མངའ་རིས་སྒར་དཔོན་ཚེ་བརྟན་བཀྲ་ཤིས་ལ་ཕོ་ལྷ་བསོད་ནམས་སྟོབས་རྒྱས་ཀྱིས་མངགས་པ་ལྟར་མངའ་རིས་སྐོར་གསུམ་དཔུང་གི་སྣེ་ཁྲིད་དེ་རྒྱལ་རྩེ་དབུས་དམག་ལ་གཡུལ་འཐབ་བྱས་ཏེ་འདས། ཕོ་ལྷ་བསོད་ནམས་སྟོབས་རྒྱས་གཡུལ་ལས་རྣམ་པར་རྒྱལ་ཏེ་བོད་ཀྱི་སྲིད་སྐྱོང་གི་ཁྲིར་འཁོད་མ་ཐག་དགའ་བཞི་པར་གཟིགས་བསྐྱངས་ཆེན་པོ་བྱུང།ང་། སྐབས་དེའི་གཞུང་སྒེར་ཆོས་སྲིད་ཀྱི་བྱེད་སྒོ་གང་སར་གོམས་འདྲིས་འཇོན་ཐང་ཆེ་བའི་རྡོ་རིང་པཎྜི་ཏས(མགོན་པོ་དངོས་གྲུབ་རབ་བརྟན)མདོ་མཁར་ཞབས་དྲུང་གི་བུ་མོ་རིན་ཆེན་སྐྱིད་འཛོམས་ཆུང་མར་བླངས་ནས་དགའ་བཞི་པའི་རྒྱུད་འཛིན་པ་བསྟན་འཛིན་དཔལ་འབྱོར་རབ་བྱུང་བཅུ་གསུམ་པའི་ལྕགས་འབྲུག(༡༧༦༠)ལོར་འཁྲུངས། བསྟན་འཛིན་དཔལ་འབྱོར་ལ་ཆུང་དུས་ནས་རྡོ་རིང་པཎྜི་ཏས་རྒྱུན་སྲོལ་གྱི་སློབ་གསོ་དང་སྦྱོང་བརྡར་གཏོང་རྒྱུར་དོ་ནན་ཆེན་པོ་མཛད་དེ་དགུང་ལོ་ལྔ་ཙམ་ནས་ཡི་གེ་འབྲི་ཀློག་འགོ་ཚུགས་པ་དང་དགུང་ལོ་བརྒྱད་ནས་བཟུང་སྔ་རྗེས་སུ་སེར་བྱེས་དགེ་བཤེས་སྤ་རིལ་དང།ང་། དགེ་བཤེས་ཐོགས་མེད། སྨིན་གྲོལ་གླིང་གི་བླ་མ་ཆོས་རྫོང་པ་སོགས་དགེ་རྒན་དུ་བསྟེན་ནས་གྲྭ་ས་ཁག་གི་ཆོས་སྤྱོད་རབ་གསལ་དང།ང་། བརྡ་སྤྲོད་པའི་བསྟན་བཅོས་ཁག།ག སྙན་གཞུང།ང་། འདུས་འབྱུང་ཟུར་རྩིས། ཚད་མ་སོགས་རིག་པའི་གནས་ཁག་ལ་སློབ་གཉེར་མཛད་ཅིང།ང་། ལྷག་དོན་རྡོ་རིང་པཎྜི་ཏ་དང་སློབ་དཔོན་ཆོས་རྫོང་པས《སྙན་ངག་མེ་ལོང》ཐེངས་གསུམ་ཙམ་ཞིབ་ཁྲིད་མཛད་པ་དེས་ཁོང་གི་རྩོམ་རིག་གསར་གཏོད་བྱེད་པའི་བློ་སྒོ་རབ་ཏུ་ཕྱེ་བ་དང།ང་། རྨང་གཞི་སྲ་བརྟན་བྱུང།ང་། ས་ཕག(༡༧༧༩)ལོར་རྡོ་རིང་པཎྜི་ཏ་ས་ངན(བོད་ལྗོངས་གོ་འཇོ་རྫོང་ཁོངས)དཔུང་འཇུག་ལ་སྐྱོད་ཉེར་བུ་བསྟན་འཛིན་དཔལ་འབྱོར་གཞུང་ལས་གོམས་འདྲིས་ཡོང་ཁྱད་དུ་དམིགས་བསལ་བཀའ་ཤག་ཡིག་ཕྲུག་དང་མགྲོན་དྲུང་གྲས་སུ་བཞག་ཐོག་ལྕགས་གླང(༡༧༨༡)ལོར་དངོས་སུ་ཞབས་སྡོད་ཞུས་པ(སྔར་བོད་ས་གནས་སྲིད་གཞུང་གི་དཔོན་རིགས་ཀྱི་སྒྲིག་ཁོངས་སུ་ཐོག་པར་མར་ཞུགས་པ)དང་ཆབས་ཅིག་བཀའ་དྲུང་དུ་བསྐོ་གཞག་བྱས། ཆུ་ཡོས(༡༧༨༣)ལོར་གོང་མ་ཆན་ལུང་གིས་རྡོ་རིང་པཎྜི་ཏའི་བཀའ་བློན་དང་ཛ་སག་གི་གོ་གནས་ཆོ་ལོ་བཅས་བསྟན་འཛིན་དཔལ་འབྱོར་ལ་ཕ་ཤུལ་བུ་འཛིན་བྱེད་དུ་བཅུག་པ་ནས་བཀའ་བློན་བསྟན་འཛིན་དཔལ་འབྱོར་བོད་ས་གནས་སྲིད་གཞུང་གི་བཀའ་བློན་གཙོ་བོའི་གྲས་སུ་གྱུར་ཏེ་ལོ་ངོ་བཅུ་གཉིས་རིང་བཀའ་བློན་གྱི་འགན་འཁུར་བྱས། ཟ་ཧམ་འཆང་བའི་གོར་ཥདབང་སྒྱུར་གྲལ་རིམ་པས་སྐབས་དེའི་བོད་ཀྱི་སེར་སྐྱ་དཔོན་རིགས་གཙོ་བོ་རྣམས་རྣམ་ཀུན་ཆོས་ཕྱོགས་ཀྱི་བྱེད་སྒོ་སྣ་ཚོགས་དང་མི་དམངས་ལ་གཉའ་གནོན་བཤུ་གཞོག་གཏོང་རྒྱུ་སོགས་ཀྱི་བྱ་བ་ཁོ་ནར་གཡེང་ནས་ཡུལ་འདིར་གཟིམ་ཆུང་སྒར་པའི་རྐང་དམག་དང་རྟ་དམག་ཁུ་བསྡུས་སྨོན་ལམ་གཏོར་རྒྱག་ཏུ་ཡོང་སྲོལ་ཙམ་ལས། རང་སྲུང་དྲག་ཤུགས་མེད་པའི་གནས་བབས་ཚོད་རྩིས་བྱས་ནས་རྒྱུན་ལྡན་བལ་ཡུལ་དུ་རྟེན་བཞེངས་སྨན་སྒྲུབ་བྱེད་མུས་སུ་ཡོད་པའི་བོད་ཀྱི་དཔོན་རིགས་བཀག་ཉར་ཐོག་བོད་ཁུལ་གཅིག་མཚུངས་འགྲོ་རྒྱུགས་བྱེད་པའི་གོར་ཊམ་གསར་རྙིང་གཉིས་བར་གྱི་འཛའ་ཁྱད་ལ་ཁག་བཏགས་ནས་མངོན་སུམ་འཛེམས་མེད་ཀྱིས་བོད་ཀྱི་གཉའ་སྐྱིད་རོང་གསུམ་གོར་ཥའི་མངའ་ཁོངས་སུ་རྩིས་སྤྲོད་བྱུང་ན་རབ་དང།ང་། དེ་མིན་དྲག་ཤུལ་ཀྱིས་ལེན་དགོས་བྱུང་ན་མི་ལེགས་པ་སོགས་བཟོད་ཐབས་བྲལ་བའི་བརྙས་བཅོས་དང།ང་། སྨྱོ་ཧམ་གྱི་ཅ་ཅོ་སྒྲོག་པར་སྐབས་དེའི་རྒྱ་བོད་བླ་དཔོན་ཚང་མ་བསམ་པ་གཅིག་མཐུན་གྱིས་རང་ས་བརྟན་སྲུང་བྱེད་རྒྱུའི་གྲ་སྒྲིག་དང་བཀོད་མངགས་བྱས་ཐོག་རྫོང་ཁག་སོ་སོས་ཀྱང་ནང་འཛུལ་གོར་དམག་ལ་འཁོས་དཔགས་ཀྱི་འཐབ་ལག་སྤྲད་ཀྱང་ས་སྤྲེལ(༡༧༨༨)ལོར་གོར་ཥའི་འདྲེ་ལག་ནག་པོས་གཉའ་སྐྱིད་རྫོང་དགའ་སོགས་བཟུང་ཞིང་སྔར་བོད་ཀྱི་ཆོས་རྒྱལ་རིམ་བྱོན་གྱི་སྐུ་གདུང་དང་ཕྲ་རྒྱན་གང་ཡོད་བཤུས་འཁྱེར་བྱས་ཟིན་རྗེས་རྩ་ཆེའི་གླེགས་བམ་དང་མཆོད་ཁང་མེར་བསྲེགས་ཤིང་ལྷ་བླ་མ་བྱང་ཆུབ་སོགས་ས་མཚམས་ས་ཁུལ་ཁག་གི་མི་ནོར་ཕྱྱགས་ཕྱུགས་གསུམ་ལ་གནོད་འཚེ་ཚད་མེད་གཏོང་བའི་བཙན་འཛུལ་ངན་སྤྱོད་ཀྱི་མདུན་དུ་གོང་མའི་བཀས་མངགས་ཨམ་བན་སྤ་ཀྲུང་ལ་རྒྱ་སོག་རོང་གསུམ་གྱི་དཔུང་དམག་སུམ་སྟོང་ཙམ་ཡོད་རུང་ཁོ་པས་དགྲ་བོར་མཚོན་རྩེ་ནམ་ཡང་མ་གཏད་པར་ཞི་མཐུན་ཆིངས་འགྲིགས་བྱེད་རྒྱུུ་ཁོ་ནར་ཨུ་ཚུགས་བྱས་སྐབས་བཀའ་བློན་བསྟན་འཛིན་དཔལ་འབྱོར་གྱིས་གོང་མའི་དཔོན་རིགས་ཚོར་གོར་དཔུང་རང་ཁོངས་ནས་མཐར་སྐྲོད་བྱུང་མཚམས་གཞི་ནས་ཆིངས་འགྲིག་བྱས་ན་ལེགས་པ། ད་ལམ་ངེད་གཞུང་སྒེར་མངའ་འབངས་ཚང་མས་དམག་གྲོན་མཁོ་དགོས་ཞབས་ཞུ་དང།ང་། ངལ་བ་དང་བླངས་བྱས་རིགས་སྟོང་ཟད་མི་འགྲོ་བ་ཅི་ནས་དགོས་རྒྱུ་ཡང་ཡང་བརྗོད་ཀྱང་ཨམ་བན་སྤ་ཀྲུང་གིས་དེ་ལས་ལྡོག་སྟེ་བཀའ་བློན་བསྟན་འཛིན་དཔལ་འབྱོར་སོགས་གཞུང་བླ་ས་གསུམ་གྱི་ངོ་གཡོག་ལྔ་ཙམ་བཅུ་ཙམ་མདའ་གྲི་གདུང་གསུམ་གྱི་དྲག་ཆས་སྤྲས་པའི་གོར་དཔུང་ལྔ་བརྒྱ་ལྷག་གིས་མཐའ་ནས་བསྐོར་བའི་ཆིངས་འགྲིག་བྱེད་ཡུལ་དུ་བརྫངས། རབ་བྱུང་བཅུ་གསུམ་པའི་ལྕགས་ཕག(༡༧༩༡)ལོར་བོད་སྡོད་ཨམ་བན་དང་བོད་ས་གནས་སྲིད་གཞུང་ཐུན་མོང་ཐོག་སླར་ཡང་བཀའ་བློན་བསྟན་འཛིན་དཔལ་འབྱོར་དང་བཀའ་བློན་གཡུ་ཐོག་བཀྲ་ཤིས་དོན་གྲུབ་སོགས་གཉའ་ནང་ཚོང་འདུས་སར་ཆིངས་འགྲིག་བྱེད་པར་བཏང་ཞིང།ང་། སྐབས་དེར་སྔོན་ཚུད་ནས་གྲ་སྒྲིག་འཐུས་ཚང་ཟིན་པའི་གོར་དཔུང་གིས་རང་ལུགས་ལྷ་ཆེན་གྱི་དུས་མཆོད་དང་སྟབས་བསྟུན་ནས་གོར་དཔོན་རྫ་མ་རྡར་ཛ་ས་རམ་ངོ་མ་བཀའ་བློན་རྡོ་རིང་དང་གཡུ་ཐོག་གི་འདུག་གནས་སུ་ཡོང་ནས་ཐོག་མར་འཚམས་འདྲི་ཡིན་ཁུལ་དང་དོན་ཆེན་གསང་བ་ཞུ་རྒྱུ་ཡོད་ཁུལ་གྱིས་ཞབས་གྲས་རྣམས་ཕྱིར་འདོན་ཟིན་རྗེས་གོར་ཥར་སྤྲོད་འོས་རྫོང་སྒོ་བསླུ་རིན་རྩ་ཆག་བྱས་ཚབ་ཏུ་གཉའ་ནང་ཁུལ་ནས་ས་ཁོངས་ཕྲན་བུ་དགོས་ཚུལ་བཤད་པ་དང་ཆབས་ཅིག་ཡུལུ་ཡུལ་དེའི་ས་བཀྲ་བསྟན་པར་ཁོང་གཉིས་སེམས་གཡེང་བའི་སྐབས་གློ་བུར་ཁང་པའི་རྒྱབ་ནས་གོར་ཥའི་འཇབ་དམག་ལྷགས་ཏེ་གསོན་བཟུང་བྱས། བོད་མི་ངོ་གཡོག་བརྒྱ་ལྷག་ཙམ་གྱིས་རང་ཕྱོགས་ལས་དཔུང་སྟོབས་ཤིན་ཏུ་ཆེ་བའི་འདྲེ་དམག་དང་དཔའ་ངར་ཞུམ་མེད་ཀྱིས་གཡུལ་འཐབ་བྱས་ཏེ་ས་གཞི་ཚང་མ་ཁྲག་དང་མི་རོས་ཁེངས་པ་ལྟ་བུར་གྱུར་ཀྱང་མཐར་ཕམ་སྟེ་བཀའ་བློན་རྡོ་གཡུ་གཉིས་སོགས་བོད་ཀྱི་དཔོན་རིགས་རྣམས་བལ་ཡུལ་དུ་བཙན་ཁྲིད་བྱས། གཉའ་ལམ་དང་སྐྱིད་རོང་ཁུལ་གྱི་གོར་དཔུང་རྣམས་ཐད་ཀར་གཞིས་རྩེར་དཔུང་འཇུག་གིས་བཀྲ་ཤིས་ལྷུན་པོའི་གསེར་དངུལ་གོས་དར་དང་སྐུ་གསུང་ཐུགས་རྟེན་རྣམས་བཤིག་བཅོམ་འཁྱེར་གསུམ་གྱི་བཙན་འཛུལ་ངན་སྤྱོད་ཆེས་ཆེར་སྤེལ་བའི་སྐབས་མན་ཆིང་སྲིད་གཞུང་གིས་བོད་དུ་ཆེད་གཏོང་བྱས་པའི་དམག་དཔུང་གིས་གོར་དམག་ལ་དཔའ་ངར་ཆེན་པོས་འཐབ་ལག་སྤྲད་ཅིང་གོར་དམག་རྣམས་མཐའ་མཚམས་རྫོང་ཁ་ནས་མཐར་སྐྲོད་གཏོང་མུར་བལ་ཡུལ་གླིང་གསུམ་བྱུང་བའི་ཤུལ་ཙམ་མེད་པར་སོང་ཉེའི་མཚམས་ཕྱི་དགྲ་ནང་འཁྲིད་བྱེད་མཁན་གཙོ་བོ་བླ་མ་ཞྭ་དམར་བ་རང་སྲོག་རང་གིས་བཅད། གོར་ཥ་དབང་འཛིན་པས་རང་དབང་མེད་པར་གོང་མའི་དམག་དཔུང་ལ་མགོ་སྒུར་ཞིང་ཀྲུང་ཐང་གིས་བྲིས་པའི་གན་རྒྱའི་ཕྱག་དོན་བཞིན། བལ་ཡུལ་དུ་བཙོན་འཇུག་བྱས་པའི་བཀའ་བློན་བསྟན་འཛིན་དཔལ་འབྱོར་སོགས་ཕྱིར་སློག་རྩིས་འབུལ་དང།ང་། དེ་མིན་ཆ་རྐྱེན་ཡོངས་རྫོགས་བཀའ་གསུང་ཅི་སྒྲུབ་ཞུ་རྒྱུ་ཁས་བླངས། རང་དམག་བལ་ཡུལ་ཡམ་བུའི་གྲོང་ལ་ཉེ་བའི་མཚམས་ནས་དམག་དཔུང་ཕྱིར་འཐེན་བྱས། གོར་བོད་དམག་འཁྲུག་ཐེངས་གཉིས་པ་ཞེས་གྲགས་པ་དེ་ཡང་ཀྲུང་གོའི་ལོ་རྒྱུས་ཐོག་རང་རྒྱལ་སྤུན་ཟླ་མི་རིགས་ཁག་དཔུང་པ་མཉམ་གཤིབས་ཐོག་ནས་ཕྱི་རྒྱལ་བཙན་འཛུལ་པར་དྲག་ཤུགས་ཕར་རྒོལ་བྱས་ཏེ་མེས་རྒྱལ་མངའ་ཁོངས་སྲུང་བའི་དཔའ་བོའི་མཛད་རྗེས་ཞིག་ཡིན། བཀའ་བློན་རྡོ་རིང་དང་གཡུ་གཉིས་ཀྱང་པེ་ཅིང་དུ་ཆེད་འགུགས་བྱས་པ་ལྟར་འབྱོར་རྗེས་གོང་མ་ཆན་ལུང་གིས་ད་ལམ་གོར་ཥས་བོད་ལ་བཙན་འཛུལ་ངན་སྤྱོད་ཚབས་ཆེན་སྣ་ཚོགས་བྱས་རིགས་ཀྱི་ལན་རྐྱེན་ཡོངས་རྫོངས་བློན་པོ་སྤ་ཀྲུང་རང་ལ་ཐོགས་ཡོད་ཅིང།ང་། ངེད་ནས་དེ་འཕྲལ་ཁོ་པར་རྒྱལ་ཁྲིམས་ཀྱི་ཉེས་པ་དྲག་པོ་གཅོད་རྩིས་ལ་ཁོ་ན་རང་གིས་ཉེས་པ་ངོས་བླངས་ཏེ་རང་སྲོག་རང་གིས་བཅད་འདུག་ཅེས་ཕེབས་པ་སོགས་བཀའ་ཁྲིམས་བཙན་པོས་རང་སྲིད་སྲུང་ཕོད་པ་ཞི་དྲག་གང་ལའང་རང་སྐྱ་འཕེར་བའི་བློ་གྲོས་རྩལ་ནུས་ཡང་རྩེར་སོན་པ་བཅས་གསལ་པོར་མཚོན་པ་བྱས། ཡང་བཀའ་བློན་བསྟན་འཛིན་དཔལ་འབྱོར་གཤིན་རྗེ་ལྟ་བུའི་གོར་དམག་གིས་བཀྱིགས་ནས་བལ་ཡུལ་ལ་ཁྲིད་སྐབས་ཞུམ་མེད་དཔའ་སེམས་བསྐྱེད་པའི་སྙན་རྩོམ་ལ། དཔའ་བོ་བཞིན་དུ་དགྲ་བོའི་དཔུང་གིས་སྐོར།། རྒྱལ་པོ་བཞིན་དུ་ཟས་ལ་དུག་སེལ་བྱེད།། པོ་ཏི་བཞིན་དུ་ཐག་ཞགས་ཀྱིས་བསྡམས་ཏེ།། ནོར་བུ་བཞིན་དུ་རྣམ་ཀུན་མེལ་ཚེ་བྱེད།། ཅེས་པ་སོགས་གོང་གསལ་དཔེར་བརྗོད་པ་དག་ནས་བསྟན་འཛིན་དཔལ་འབྱོར་ནི་སྙན་ངག་ཚིག་བཅད་རྩོམ་རྒྱུར་རྩོམ་གུ་དོག་པོ་ཞིག་མིན། བསྟན་འཛིན་དཔལ་འབྱོར་ལ་རྩོམ་རིག་གི་གྲུབ་འབྲས་ཆེན་པོ་ཐོབ་དགོས་དོན་ཡང་ཐད་ཀར་བོད་ཀྱི་སྐད་ཡིག་བེད་སྤྱོད་པའི་ཚད་གཞིར་རག་ལུས་པ་ནི་ཧ་ཅང་གསལ་པོ་ཡིན་ན་རྩོམ་པ་པོ་བོད་ཀྱི་སྒྲ་ཚད་སྙན་གསུམ་ལ་བྱང་ཆུབ་པའི་ཐོག་ད་དུང་དམངས་ཁྲོད་ཀྱི་མིང་ཚིག་ཕུན་སུམ་ཚོགས་པ་དག་ལའང་གོམས་འདྲིས་ཇི་ཙམ་ཡོད་མིན་གོང་གསལ་རྣམ་ཐར་ལས་ངོ་བཤུས་བྱས་པའི་དུམ་བུ་དེ་ཚོས་མཚོན་ཐུབ།

language:
Tibetan

2. Thupten Phuntsok Dictionary

རྡོ་རིང་པཎྜི་ཏས་མདོ་མཁར་ཞབས་དྲུང་གི་བུ་མོ་རིན་ཆེན་སྐྱིད་འཛོམས་ཆུང་མར་བླངས་ནས་དགའ་བཞི་པའི་རྒྱུད་འཛིན་པ་བསྟན་འཛིན་དཔལ་འབྱོར་རབ་བྱུང་བཅུ་གསུམ་པའི་ལྕགས་འབྲུག(༡༩༦༠)ལོར་འཁྲུངས། དགུང་ལོ་བརྒྱད་ནས་བཟུང་སྔ་རྗེས་སུ་སེར་བྱེས་དགེ་བཤེས་སྤ་རིལ་དང་། དགེ་བཤེས་ཐོགས་མེད་སོགས་དགེ་རྒན་དུ་བསྟེན་ནས་གྲྭ་ས་ཁག་གི་ཆོས་སྤྱོད་རབ་གསལ་དང་། སྙན་གཞུང་། འདུས་འབྱུང་ཟུར་རྩིས། ཚད་མ་སོགས་རིག་པའི་གནས་ཁག་ལ་སློབ་གཉེར་མཛད། ལྷག་དོན་རྡོ་རིང་པཎྜི་ཏ་དང་སློབ་དཔོན་ཆོས་རྫོང་པས་སྙན་ངག་མེ་ལོང་ཐེངས་གསུམ་ཙམ་ཞིབ་ཁྲིད་མཛད་པ་དེས་ཁོང་གི་རྩོམ་རིག་གསར་གཏོད་བྱེད་པའི་བློ་སྒོ་རབ་ཏུ་ཕྱེ་བ་དང་། རྨང་གཞི་སྲ་བརྟན་བྱུང་བའོ། །

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་དགའ་བཞི་བསྟན་འཛིན་དཔལ་འབྱོར་དང་མི་གཅིག་ཡིན་པས་དེ་ལ་གཟིགས་པར་ཞུའོ། །

language:
Tibetan