Skip to main content Skip to search
ldan pa ma yin pa'i 'du byed kyi gzhi
ID:
T234348
  • ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་གཞི (Tibetan, Tibetan script, Original)
    • > ldan pa ma yin pa'i 'du byed kyi gzhi (Tibetan, Latin script, Transliteration-THL Extended Wylie Transliteration)
    • > denpa mayinpé dujé kyi shyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

སེམས་དང་མཚུངས་པར་ལྡན་པ་མ་ཡིན་ཞིང།ང་། འདུ་བྱེད་ཀྱི་ཕུང་པོ་ཡིན་པའི་རྒྱུ་མཚན་གྱིས་འདུ་བྱེད་ཀྱི་གཞི་ཞེས་བརྗོད་པ་ཡིན། འདི་ལ་དབྱེ་ན་བྱེ་བྲག་སྨྲ་མས་བས་ལྡན་མིན་འདུ་བྱེད་བཅུ་བཞི་ཕྱེ་སྟེ་ཐོབ་པ་དང།ང་། མ་ཐོབ་པ་དང།ང་། སྐལ་མཉམ་དང།ང་། འདུ་ཤེས་མེད་པ་དང།ང་། འདུ་ཤེས་མེད་པའི་སྙོམས་འཇུག་དང།ང་། འགོག་པའི་སྙོམས་འཇུག་དང།ང་། སྲོག་དང།ང་། འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་དང།ང་། རྒ་བ་དང།ང་། གནས་པ་དང།ང་། མི་རྟག་པ་དང།ང་། མིང་གི་ཚོགས་དང།ང་། ཚིག་གི་ཚོགས་དང།ང་། ཡི་གེའི་ཚོགས་རྣམས་སོ།སོ།། 《མངོན་པ་མཛོད》ལས་བཅུ་བཞི་པོ་འདི་ཙམ་གསུངས་ཤིང《མངོན་པ་ཀུན་བཏུས》ལས་བཅུ་བཞི་པོ་འདིའི་སྟེང་སོ་སྐྱེ་སོགས་བཅུ་བསྣན་ནས་གྲངས་ཉེར་བཞིར་འདྲེན་ཚུལ་ཡོད་ཀྱང་འདིར་མ་སྤྲོས་སོ།སོ།།

language:
Tibetan

2. Thupten Phuntsok Dictionary

སེམས་དང་མཚུངས་པར་ལྡན་པ་མ་ཡིན་ཞིང་། འདུ་བྱེད་ཀྱི་ཕུང་པོ་ཡིན་པའི་རྒྱུ་མཚན་གྱིས་ལྡན་མིན་འདུ་བྱེད་ཀྱི་གཞི་ཞེས་བརྗོད་པ་ཡིན། འདི་ལ་དབྱེ་ན་བྱེ་བྲག་སྨྲ་བས་ལྡན་མིན་འདུ་བྱེད་བཅུ་བཞི་ཕྱེ་སྟེ་ཐོབ་པ་དང་། མ་ཐོབ་པ་དང་། སྐལ་མཉམ་དང་། འདུ་ཤེས་མེད་པ་དང་། འདུ་ཤེས་མེད་པའི་སྙོམས་འཇུག་དང་། འགོག་པའི་སྙོམས་འཇུག་དང་། སྲོག་དང་། འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་དང་། རྒ་བ་དང་། གནས་པ་དང་། མི་རྟག་པ་དང་། མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་རྣམས་སོ། །

language:
Tibetan