- ldem dgongs can brgyad
- ID:
- T234377
- ལྡེམ་དགོངས་ཅན་བརྒྱད (Tibetan, Tibetan script, Original)
- > ldem dgongs can brgyad (Tibetan, Latin script, Transliteration-THL Extended Wylie Transliteration)
- > demgong chen gyé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ལྡེམ་པོ་བཞི། དགོངས་པ་ཅན་བཞི་དང་བརྒྱད་དོ།དོ།། ལྡེམ་པོར་དགོངས་པ་བཞི་ལ། ༡.གཞུག་པ་ལྡེམ་པོར་དགོངས་པ་ནི། འདི་ལྟར་འདུལ་བྱ་འགའ་ཞིག་ཡང་དག་པའི་ལམ་ཞུགས་པའི་ཆེད་དུ་བརྫུས་ཏེ་བྱུང་བའི་སེམས་ཅན་དང་གཟུགས་ལ་སོགས་པ་ཡོད་པར་གསུངས་པ་ལྟ་བུའོ།འོ།། ༢.མཚན་ཉིད་ལྡེམ་པོར་དགོངས་པ་ནི། ངོ་བོ་ཉིད་གསུམ་ལ་དགོངས་ནས་ཆོས་ཐམས་ཅད་ཡོད་པ་དང།ང་། སྒྱུ་མ་དང་ནམ་མཁའ་དང་འདྲའོ་ཞེས་གསུངས་པ་ལྟ་བུའོ།འོ།། ༣.གཉེན་པོ་ལྡེམ་པོར་དགོངས་པ་ནི། ཉོན་མོངས་པ་རྣམས་ཀྱི་གཉེན་པོར་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་བསྟན་པའོ།འོ།། ༤.བསྒྱུར་པ་ལྡེམ་པོར་དགོངས་པ་ནི། དོན་ཟབ་མོའི་ཆེད་དུ་ཡི་གེ་རྣམས་བསྒྱུར་ཏེ་གསུངས་པ་ལྟ་བུའོ།འོ།། དགོངས་པ་ཅན་བཞི་ལ། ༥.ཆོས་སྐུ་མཉམ་པ་ཉིད་ལ་དགོངས་པ་ནི། སངས་རྒྱས་ལ་བརྙས་པའི་གཉེན་པོར་ང་ཉིད་དེའི་ཚེ་དེའི་དུས་ན་སངས་རྒྱས་རྣམ་པར་གཟིགས་སུ་གྱུར་ཏེ་ཞེས་གསུངས་པ་ལྟ་བུའོ།འོ།། ༦.དོན་གཞན་ལ་དགོངས་པ་ནི། ཆོས་བརྙས་པའི་གཉེན་པོར་སངས་རྒྱས་གངྒའི་ཀླུང་གི་བྱེ་མ་རྙེད་ལ་བསྙེན་བཀུར་བྱས་ན་ཆོས་འདི་ཐོས་པར་འགྱུར་ཞེས་པ་ལྟ་བུའོ།འོ།། ༧.དུས་གཞན་ལ་དགོངས་པ་ནི། ལེ་ལོའི་གཉེན་པོར་གང་དག་བརྩོན་འགྲུས་བྱས་ཏེ་བདེ་བ་ཅན་སྨོན་ལམ་འདེབས་པ་དེ་དག་དེར་སྐྱེ་བར་འགྱུར་རོ།རོ།། ཞེས་ལྟ་བུའོ།འོ།། ༨.གང་ཟག་གི་བསམ་པ་ལ་དགོངས་པ་ནི། སྦྱིན་པ་ལ་མཆོག་འཛིན་གྱི་གཉེན་པོར། སྦྱིན་པ་ནི་དམན་པ། ཚུལ་ཁྲིམས་ནི་མཆོག་ཅེས་གསུངས་པ་ལྟ་བུའོ།འོ།།
- language:
- Tibetan