Skip to main content Skip to search
ldog mtshungs lugs
ID:
T234409
  • ལྡོག་མཚུངས་ལུགས (Tibetan, Tibetan script, Original)
    • > ldog mtshungs lugs (Tibetan, Latin script, Transliteration-THL Extended Wylie Transliteration)
    • > dok tsung luk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཚད་མ་སྔ་རབས་པ་འགའ་ཞིག་གི་གཏན་ཚིགས་སམ་མཚན་ཉིད་སྒྲུབ་པའི་སྐབས་ལྡོག་པ་མཚུངས་པས་སྦྱོར་བ་ཐུག་པ་མེད་ཞེས་པའི་ཐ་སྙད་ཞིག་སྟེ། སྦྱོར་བ་དང་པོའི་སྐབས་གཏན་ཚིགས་སམ་མཚན་ཉིད་ཀྱི་ཐ་སྙད་སྒྲུབ་པས་སྦྱོར་བ་ལྔ་པ་དང། དྲུག་པ་ལ་སོགས་པའི་སྐབས་སུ་ཡང་ཐ་སྙད་གཙོ་བོར་སྒྲུབ་པའི་ཕྱིར་ལྡོག་པ་ཐ་དད་པར་མཚུངས་པས་དེས་ན་དེ་གཉིས་སྒྲུབ་པར་བྱེད་པའི་སྦྱོར་བ་ཐུག་མེད་ཡིན་པའི་དོན།

language:
Tibetan