Skip to main content Skip to search
sdug bsngal gyi rtsa ba
ID:
T234447
  • སྡུག་བསྔལ་གྱི་རྩ་བ (Tibetan, Tibetan script, Original)
    • > sdug bsngal gyi rtsa ba (Tibetan, Latin script, Transliteration-THL Extended Wylie Transliteration)
    • > dukngal gyi tsawa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཁམས་གསུམ་འཁོར་བའི་སྡུག་བསྔལ་ཇི་སྙེད་ཅིག་འབྱུང་བ་ཐམས་ཅད་ཀྱི་རྩ་བ་ནི་བདག་འཛིན་མ་རིག་པ་འདི་ཁོ་ནས་བྱས་པ་ཡིན་ནོ།ནོ།། བདག་འཛིན་མ་རིག་པ་འདི་ལ་བརྟེན་ནས་ཉོན་མོངས་གཞན་ཐམས་ཅད་འབྱུང།ང་། ཉོན་མོངས་དེ་དག་གིས་ལས་བསགས།་ལས་ཀྱི་དབང་གིས་འཁོར་བར་འཁོར་ཏེ་སྡུག་བསྔལ་རྒྱུན་ཆད་མེད་པར་མྱོང་བ་འདི་བྱུང་སྟེ། ཇི་སྐད་དུ《ཚད་མ་རྣམ་འགྲེལ》ལས། བདག་ཡོད་ན་ནི་གཞན་དུ་ཤེས།། བདག་གཞན་ཆ་ལས་འཛིན་དང་སྡང།ང་། འདི་དག་དང་ནི་ཡོངས་འབྲེལ་ལས།། ཉེན་པ་ཐམས་ཅད་འབྱུང་བར་གྱུར།། ཞེས་གསུངས་པ་ལྟར་སྲོག་ཆགས་སྲིན་འབུ་ཡན་ཆད་ལ་འབྱུང་བའི་ངའམ་བདག་ཏུ་འཛིན་པའི་བདག་འཛིན་དེ་འཁོར་བའི་རྩ་བ་ཡིན་ནོ།ནོ།། འཁོར་བའི་རྩ་བ་བདག་འཛིན་མ་རིག་པ་དེར་ངོས་འཛིན་ཚུལ་ལ་མི་མཐུན་པ་ཡོད་པ་གཞུང་གཞན་ལས་མཁྱེན་དགོས་སོ།སོ།།

language:
Tibetan

2. Thupten Phuntsok Dictionary

ཁམས་གསུམ་འཁོར་བའི་སྡུག་བསྔལ་ཇི་སྙེད་ཅིག་འབྱུང་བ་ཐམས་ཅད་ཀྱི་རྩ་བ་ནི་བདག་འཛིན་མ་རིག་པ་འདི་ཁོ་ནས་བྱས་པ་ཡིན་ནོ། །བདག་འཛིན་མ་རིག་པ་འདི་ལ་བརྟེན་ནས་ཉོན་མོངས་གཞན་ཐམས་ཅད་འབྱུང་། ཉོན་མོངས་དེ་དག་གིས་ལས་བསགས། ལས་ཀྱི་དབང་གིས་འཁོར་བར་འཁོར་ཏེ་སྡུག་བསྔལ་རྒྱུན་ཆད་མེད་པར་མྱོང་བ་འདི་བྱུང་བའོ། །

language:
Tibetan