Skip to main content Skip to search
sde khri 'jam dbyangs thub bstan nyi ma
ID:
T234527
  • སྡེ་ཁྲི་འཇམ་དབྱངས་ཐུབ་བསྟན་ཉི་མ (Tibetan, Tibetan script, Original)
    • > sde khri 'jam dbyangs thub bstan nyi ma (Tibetan, Latin script, Transliteration-THL Extended Wylie Transliteration)
    • > dé tri jamyang tubten nyima (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

སྡེ་ཁྲི་འཇམ་དབྱངས་ཐུན་ཐུབ་བསྟན་ཉི་མའམ་གསང་མཚན་རཏྣཱ་བཛྲ་ནི་མཚོ་སྔོན་གཡོན་རུ་རྩེ་བདུན་དྲུགསྙིང་བདུན་་རྩེ་ནཱ་ཡོ་ཆེ་བ་བཅོ་བརྒྱད་དུ་གྲགས་པའི་ནང་ཚན་བེ་ལེན་ནཱ་རྒན་ཞེས་པར་ཡབ་སོག་རིགས་ཀ་འབུམ་སྨན་པ་ངག་དབང་ཕུན་ཚོགས་དང་ཡུམ་ལྷ་མོ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ས་ཕག(༡༧༧༩)ལོར་སྐུ་འཁྲུངས། དགུང་ལོ་བཞི་ལ་ཕེབས་དུས་རོང་པོའི་ཤར་ནོ་མོན་ཧན་རིན་པོ་ཆེར་ཡབ་ཡུམ་གཉིས་ནས་མཚན་ཞུས་པར་འཇམ་དབྱངས་ཐུབ་བསྟན་ཉི་མ་ཞེས་གསོལ། སྐྱབས་མགོན་མཆོག་གིས་དགུང་ལོ་ལྔ་ལ་སྐུ་གོང་མ་འཇིགས་མེད་ལུང་རིགས་རྒྱ་མཚོའི་སྤྲུལ་སྐུར་ངོས་བཟུང།ང་། དགུང་ལོ་དྲུག་ལ་ཕེབས་སྐབས་དགའ་ལྡན་བཀྲ་ཤིས་འཁྱིལ་རྒྱུད་པ་གྲུ་གྲྭ་ཚང་ལ་གདན་དྲངས། ཀུན་མཁྱེན་འཇིགས་མེད་དབང་པོ་འི་དྲུང་དུ་རབ་ཏུ་བྱུང་སྟེ་མཚན་སྔར་ལྟར་འཇམ་དབྱངས་ཐུབ་བསྟན་ཉི་མ་ཞེས་གསོལ། དགུང་ལོ་དགུ་ནས་བཅུ་བར་ཀུན་མཁྱེན་ཆེན་པོའི་ས་ནས་མདོ་སྔགས་ཀྱི་ཆོས་གསན། དགུང་ལོ་བཅུ་གཅིག་ལ་བཀྲ་ཤིས་འཁྱིལ་ཐོས་བསམ་གླིང་གི་ཆོས་གྲྭར་ཞུགས་ནས་གཞུང་ཆེན་བཀའ་པོད་ལྔར་གསན་བཞེས་མཛད། དགུང་ལོ་བཅུ་བཞིར་གུང་ཐང་བསྟན་པའི་སྒྲོན་མེའི་དྲུང་རབ་བྱུང་སྡོམ་པ་བཞེས། དགུང་ལོ་ཉི་ཤུ་ཐམ་པར་རྗེ་གུང་ཐང་པའི་དྲུང་དུ་བསྙེན་རྫོགས་བསྒྲུབས། དགུང་ལོ་ཉེར་བཞི་པར་དཀའ་རམ་འཛིན་གྲྭར་ཕེབས་ཕེབས།དགུང་ལོ་ཉེར་བདུན་སྐབས་གྲྭ་ཚང་ཚ་གན་བེ་ཤིང་གུ་གི་ཁྲི་པ་ལོ་གཉིས་མཛད། དགུང་ལོ་སུམ་ཅུ་ཐམ་པར་ཨ་རུ་ཧོར་ཆེན་གྱི་དཔོན་བེ་ལི་ཡུམ་སྲས་ཀྱིས་གདན་ཞུས་ལྟར་རྒྱ་སོག་ཡུལ་གྲུར་ཕེབས་ནས་དོ་ལོན་བུ་ལག་དགོན་གསར་བཞེངས་དང་ཧར་ཆིན་བེ་ལིའི་དགོན་པར་དུས་འཁོར་གྲྭ་ཚང་བཙུགས། དུས་འཁོར་དབང་ལན་གྲངས་ཁ་ཤས་དང།ང་། སྒྲུབ་ཐབས་བརྒྱ་རྒྱམ་སོགས་དབང་རྗེས་གནང།ང་། ལམ་རིམ་བློ་སྦྱོང་གི་ཁྲིད་སོགས་ཆོས་འཁོར་རྒྱ་ཆེར་བསྐོར། ཆུ་རྟ་བར་ལོ་བཅོ་ལྔའི་རིང་བཞུགས། དགུང་ལོ་ཞེ་ལྔ་ལོར་རྒྱ་སོགས་ཡུལ་གྲུ་ནས་ཕྱིར་ལོག་ཕེབས། འཇམ་དབྱངས་ཀུན་གཟིགས་གཙོར་བཞུགས་ཀྱི་སྟོང་སྐུའི་ལྷ་ཁང་རྟེན་དང་བརྟེན་པ་གཟིམ་ཁང་དང་བཅས་གསར་བཞེངས་མཛད། དགུང་ལོ་ཞེ་དྲུག་ལོར་བཀྲ་ཤིས་འཁྱིལ་གྱི་ཁྲི་པར་ཕེབས། དོ་དགོན་པའི་འདུལ་ཁྲིམས་དང་ཚོགས་ཆོས་རའི་སྒྲིག་འཁུར། བསླབ་པ་སློབ་གཉེར་གང་ཅིར་དོ་དམ་ཞིབ་ཏིག་ཡང་ཡང་མཛད་པས་འཆད་རྩོད་ཀྱི་ཆོས་གྲྭ་ཤིན་ཏུ་འཕེལ་བར་འགྱུར། དགུང་ལོ་ཞེ་བརྒྱད་པར་རྗེ་ཉིད་སླར་ཡང་སོག་ཡུལ་དུ་ཕེབས། མཁས་གྲུབ་རྗེའི་དཀྱིལ་ཆོག་ཡོངས་རྫོགས་སོག་སྐད་དུ་བསྒྱུར་ཏེ་ས་སྐྱའི་དུས་ལྟར་ཧོར་གྱི་རང་སྐད་དུ་འདོན་རྒྱུའི་སྲོལ་འཛུགས་མཛད། རབ་བྱུང་བཅུ་པའི་ལྕགས་བྱི(༡༨༤༠)ལོར་ཆོས་འཁོར་སྒར་ཤེར་ཕྱིན་གླིང་གསར་འདེབས་མཛད། དེར་བདེ་གསང་འཇིགས་གསུམ་གྱི་དབང་བསྕལ། དགུང་ལོ་རེ་གསུམ་ལ་ལྕང་སྐྱ་བླ་བྲང་ཟུང་ཀྲུ་སིར་ཕྱག་ཕེབས་ཏེ་ལྕང་སྐྱ་རིན་པོ་ཆེ་དང་མཇལ། ཁོང་ལ་དུས་འཁོར་དང་ཀུན་རིག་དབང་བསྩལ། དོ་ལོན་བུ་ལག་ཏུ་དེ་གར་བསྙེན་རྫོགས་བརྒྱ་དང་རེ་བརྒྱད་དང།ང་། དགེ་ཚུལ་སུམ་ཅུ། རབ་བྱུང་སྒྲུབ་པ་སོགས་མཛད། དགུང་ལོ་རེ་བཞི་ལ་ཕེབས་སྐབས་བེ་ལའི་དགོན་དུ་ལོ་གསར་གྱི་དགྱེས་སྟོན་ལ་ལམ་རིམ་ཆེན་མོའི་བཤད་ལུང་སོག་སྐད་དུ་བསྒྱུར་ནས་ཉིན་བཅོ་བརྒྱད་རིང་རྒྱས་པར་གནང།ང་། བཀའ་རྩོམ《རྗེ་བཙུན་འཇམ་དབྱངས་ཐུབ་བསྟན་ཉི་མ་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་གསང་གསུམ་བཀྲ་ཤིས་རི་མོ》དང།ང་། 《རྗེ་བཙུན་བྱམས་པ་མགོན་པོའི་རྟོགས་བརྗོད་པད་དཀར་ཕྲེང་བ》 《དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་རྣམ་གཞག་འཇམ་དཔལ་ཞལ་ལུང》《རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཡིད་བཞིན་ནོར་བུའི་དོ་ཤལ》《བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ་ལ་བརྟེན་པའི་སྨྱུང་གནས་ཆོ་ག》 《བསྟན་སྲུང་རྣམས་ཀྱི་གཏོར་འབུལ》སྐོར་སོགས་མང་དུ་མཛད། ཕྱིས་སུ་རི་བོ་རྩེ་ལྔར་ཐེངས་གསུམ་ཕེབས་པ་དང།ང་། ཕྱི་ལོག་ནང་ལོག་གི་དགོན་པ་མཆོད་གཞིས་དང་བཅས་པར་ཆོས་བཀའ་ཅི་རིགས་གནང།ང་། རབ་བྱུང་བསྙེན་རྫོགས་བརྒྱ་ཕྲག་དུ་མ་གསར་སྒྲུབ་མཛད་པ་སོགས་བསྟན་འགྲོར་གཅིག་ཏུ་སྨན་པའི་མཛད་བཟང་བསམ་གྱིས་མི་ཁྱབ། དགུང་གྲངས་གྱ་བཞི་ལ་ཕེབས་པ་རབ་བྱུང་བཅུ་བཞི་པའི་ཆུ་ཁྱི(༡༨༩༢)ལོའི་བོད་ཟླ་གཉིས་པའི་ཚེས་བཞི་ཉིན་དགོངས་པ་ཆོས་དབྱིངས་སུ་གཤེགས།

language:
Tibetan

2. Thupten Phuntsok Dictionary

མཚོ་སྔོན་གཡོན་རུ་རྩེ་དྲུག་སྙིང་བདུན་རྩེ་ནཱ་ཡོ་ཆེ་བ་བཅོ་བརྒྱད་དུ་གྲགས་པའི་ནང་ཚན་བེ་ལེན་ནཱ་རྒན་ཞེས་པར་ཡབ་སོག་རིགས་ཀ་འབུམ་སྨན་པ་ངག་དབང་ཕུན་ཚོགས་དང་ཡུམ་ལྷ་མོ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ས་ཕག་(༡༧༧༩)ལོར་སྐུ་འཁྲུངས། དགུང་ལོ་དྲུག་ལ་ཕེབས་སྐབས་དགའ་ལྡན་བཀྲ་ཤིས་འཁྱིལ་རྒྱུད་པ་གྲྭ་ཚང་ལ་གདན་དྲངས། ཀུན་མཁྱེན་འཇིགས་མེད་དབང་པོའི་དྲུང་དུ་རབ་ཏུ་བྱུང་སྟེ་མཚན་སྔར་ལྟར་འཇམ་དབྱངས་ཐུབ་བསྟན་ཉི་མ་ཞེས་གསོལ། གུང་ཐང་བསྟན་པའི་སྒྲོན་མེ་སོགས་བླ་མ་མང་དུ་བསྟེན། མཐར་དགུང་གྲངས་གྱ་བཞི་ལ་ཕེབས་པ་རབ་བྱུང་བཅུ་བཞི་པའི་ཆུ་ཁྱི་(༡༨༦༢)ལོའི་བོད་ཟླ་གཉིས་པའི་ཚེས་བཞི་ཉིན་སྐུ་གཤེགས།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ 1779 ལོར་མདོ་སྨད་རྩེ་གཞུང་དུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ཆུ་ཕོ་ཁྱི་ལོ་སྟེ་སྤྱི་ལོ 1862 ལོར་སྐུ་གཤེགས། དགུང་ལོ་ལྔ་པར་འཇམ་དབྱངས་བཞད་པ་འཇིགས་མེད་དབང་པོས་སྡེ་ཁྲི་འཇིགས་མེད་ལུང་རིགས་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་མཛད། དགུང་ལོ་དྲུག་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་གདན་དྲངས་ཏེ་སྡེ་ཁྲི་གོང་མའི་ཁྲིར་མངའ་གསོལ་མཛད། འཇམ་བཞད་འཇིགས་མེད་དབང་པོ་ལས་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་བླངས་ཏེ་མཚན་ལ་འཇམ་དབྱངས་ཐུབ་བསྟན་ཉི་མ་གསོལ། དེ་ནས་དཔའ་རིས་དགེ་བཤེས་འཇིགས་མེད་དམ་ཆོས་ལས་ཡི་གེའི་འབྲི་ཀློག་དང་། འདོན་ཆོག གཞུང་ཆེན་ལྔའི་རྩ་བ་སོགས་ཐུགས་འཛིན་མཛད། དགུང་ལོ་དགུ་བ་ནས་བཅུ་གསུམ་གྱི་བར་དུ་གུང་ཐང་བསྟན་པའི་སྒྲོན་མེ་ལས་དབང་ལུང་ཁྲིད་གསུམ་མང་པོ་ཞུས་ནས་ཐུགས་ཀྱི་བུམ་པ་ཡོངས་སུ་གང་བར་མཛད། དགུང་ལོ་བཅུ་བཞི་པར་བླ་བྲང་ཐོས་བསམ་གླིང་གི་གྲྭ་ཚང་དུ་ཞུགས། གཞུང་ཆེན་བཀའ་པོད་ལྔ་ལ་བརྩོན་པ་ལྷུར་ལེན་མཛད་པས་མཁས་པའི་[913]དབང་པོར་གྱུར། འཇམ་བཞད་འཇིགས་མེད་དབང་པོ་ལས་ཟབ་དགུའི་གདམས་པ་མ་ལུས་པ་བུམ་པ་གང་བྱོའི་ཚུལ་དུ་མནོས་ཏེ་གདམས་པ་ཀུན་གྱི་གཏེར་མཛོད་ལྟ་བུར་གྱུར། དབལ་མང་དཀོན་མཆོག་རྒྱལ་མཚན་ལས་གསང་སྔགས་ཀྱི་སྡོམ་པའི་སྙིང་པོ་མ་ལུས་པ་ཞུས། མདོར་ན་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་གཞུང་ལུགས་རབ་འབྱམས་ལ་དབང་འབྱོར་ཞིང་མཁས་བཙུན་གཉིས་ལྡན་དུ་གྱུར་པས་ཀུན་གྱིས་གཙུག་ཏུ་བཀུར། མདོ་སྨད་ཚ་གན་དགོན་དང་། མེ་ཤིང་དགོན་སོགས་ཀྱི་མཁན་པོ་ལོ་བཅུ་ལྷག་ཏུ་བཞུགས་ཏེ་དམ་པའི་ཆོས་ཀྱི་འཆད་ཉན་རྒྱ་ཆེར་མཛད། དགུང་ལོ་ཞེ་དྲུག་པར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་སར་ལོ་གཅིག་ཙམ་བཞུགས་རྗེས། སོག་ཡུལ་གྱི་དགོན་སྡེ་མང་པོར་ཞབས་ཀྱིས་བཅགས་ཏེ། སེར་སྐྱ་མང་ཚོགས་རྣམས་ལ་དབང་ལུང་ཁྲིད་སོགས་དམ་པའི་ཆོས་ཀྱི་དགའ་སྟོན་རྒྱ་ཆེར་སྤེལ། གོང་མའི་རྒྱལ་ས་པེ་ཅིན་དུའང་ཕེབས་མྱངས། ཁོང་གི་གསུང་རྩོམ་ནི་རྣམ་ཐར་དང་། བྱམས་ཆོས་འགྲེལ་བ། འདུལ་བའི་སྤྱི་དོན། བླ་མའི་རྣལ་འབྱོར་དང་དུས་འཁོར་གྱི་སྐོར། སྒྲུབ་ཐབས་སྣ་ཚོགས་བཅས་པོད་ལྔ་མི་རིགས་རིག་གནས་ཕོ་བྲང་དུ་བཞུགས་སོ། །

language:
Tibetan