Skip to main content Skip to search
sde gzhung mchog sprul 'jam dbyangs kun dga' rgyal mtshan
ID:
T234547
  • སྡེ་གཞུང་མཆོག་སྤྲུལ་འཇམ་དབྱངས་ཀུན་དགའ་རྒྱལ་མཚན (Tibetan, Tibetan script, Original)
    • > sde gzhung mchog sprul 'jam dbyangs kun dga' rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > dé shyung choktrul jamyang kün ga gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

སྤྱི་ལོ་༡༨༨༥ཤིང་བྱི་ལོར་སྡེ་གཞུང་དཔོན་ཚང་དུ་འཁྲུངས། ཁུ་བོ་ལུང་རིགས་ཉི་མ་དང་སྡེ་གཞུང་མཁན་པོ་བསྟན་འཛིན་དབང་གྲུབ་སོགས་ལས་གསན་སྦྱོང་གནང་། བློ་གཏེར་དབང་པོ་ལས་ལམ་འབྲས་དང་རྒྱུད་སྡེ། སྒྲུབ་ཐབས་ཀུན་བཏུས་སོགས་གསན། མཁན་ཆེན་གཞན་ཕན་ཆོས་སྣང་ལས་མདོ་སྔགས་ཀྱི་གཞུང་ཉི་ཤུ་རྩ་བརྒྱད་གསན་བཞེས་ཀྱིས་མཁས་པའི་རྒྱལ་སར་གཤེགས། སྒ་སྟོན་ངག་དབང་ལེགས་པ་མཆོག་སྡེ་གཞུང་གི་སར་ཐེངས་གསུམ་གདན་དྲངས་ཏེ་ཐུགས་མཉེས་པ་གསུམ་གྱི་གསོ་ནས་མཉེས་པ་མཛད་དེ་གདམས་ངག་རྣམས་བུམ་པ་གང་བྱོའི་ཚུལ་དུ་གསན་ཅིང་། འདོད་ཆུང་ཆོག་ཤེས་འཕགས་པའི་ཆོས་བཞིར་བཞུགས་ཏེ་ཐུགས་དམ་ཉམས་བཞེས་དང་འབྲེལ་གསུང་རྩོམ་ཁག་དུ་མ་མཛད་པ་སོགས་བསྟན་པར་ཕྱག་རྗེས་ཁྱད་འཕགས་བཞག་སྟེ་མཐར་སྤྱི་ལོ༡༩༥༢ཆུ་འབྲུག་ལོའི་ཟླ༡༡ཚེས༢༣ལ་གཤེགས་སོ། །

language:
Tibetan