- sde gzhung sprul sku kun dga' bstan pa'i nyi ma
- ID:
- T234548
- སྡེ་གཞུང་སྤྲུལ་སྐུ་ཀུན་དགའ་བསྟན་པའི་ཉི་མ (Tibetan, Tibetan script, Original)
- > sde gzhung sprul sku kun dga' bstan pa'i nyi ma (Tibetan, Latin script, Transliteration-THL Extended Wylie Transliteration)
- > dé shyung tulku kün ga tenpé nyima (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཡབ་རྣམ་རྒྱལ་རྡོ་རྗེ་དང་། ཡུམ་པདྨ་ཆོས་འཛོམས་གཉིས་ཀྱི་སྲས་སུ་སྤྱི་ལོ༡༩༠༦ལོ་སྒ་ཐར་ལམ་གྲོང་དུ་ཁང་སྲིབ་འོག་མ་ཚང་ལ་སྐུ་འཁྲུངས། སྒ་སྟོན་རྡོ་རྗེ་འཆང་ངག་དབང་ལེགས་པའི་སྐུ་མདུན་ནས་སྐྲ་བཅད་དེ་རབ་ཏུ་བྱུང་། དགུང་ལོ་བཅོ་བརྒྱད་ཀྱི་སྟེང་ནས་སྡེ་གཞུང་ལུང་རིག་ཉི་མའི་སྤྲུལ་སྐུ་རུ་ངོས་འཛིན་མཛད། སྒ་ཐར་ལམ་དགོན་པའི་དགོན་བདག་བྱས། ཁུ་བོ་ངག་དབང་ཉི་མའི་མདུན་ནས་ཀློག་བསླབས། སྒ་སྟོན་རྡོ་རྗེ་འཆང་ངག་དབང་ལེགས་པ་སོགས་བླ་མ་མང་པོ་ལ་བསྟེན་ཏེ་མདོ་སྔགས་རབ་འབྱམས་ལ་ཐོས་བསམ་ཀྱིས་ཕྱིན་པར་བྱས། ས་སྐྱ་བདག་ཁྲི་རྡོ་རྗེ་འཆང་༧ངག་དབང་ཐེག་ཆེན་དཔལ་འབར་དང་། ས་སྐྱ་གོང་མ་༧ཀུན་དགའ་བསོད་ནམས་སོགས་སྐྱེས་ཆེན་དམ་པ་མང་པོས་ཡོངས་འཛིན་དུ་གནང་། ཨ་མེ་རི་ཀ་སོགས་རྒྱལ་ཁབ་ཁག་གི་ཡུལ་གྲུ་མང་པོ་ལ་གསང་སྔགས་ལམ་འབྲས་ཀྱི་ཆོས་འཁོར་བསྐོར། མཐར་དགུང་ལོ་བརྒྱད་ཅུ་གྱ་གཅིག་ཐོག་ (༡༩༨༧) ལོར་བལ་ཡུལ་ཐར་ལམ་དགོན་དུ་སྐུ་གཤེགས།
- language:
- Tibetan