- sde srid 'khrungs khang
- ID:
- T234554
- སྡེ་སྲིད་འཁྲུངས་ཁང (Tibetan, Tibetan script, Original)
- > sde srid 'khrungs khang (Tibetan, Latin script, Transliteration-THL Extended Wylie Transliteration)
- > desi trungkhang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སྡེ་སྲིད་སངས་རྒྱས་རྒྱ་མཚོ་ནི་གྲོང་ཁྱེར་ལྷ་སའི་བྱས་ངོས་སྤ་རི་དོན་གཅོད་ཁང་ཁོངས་སཉང་བྲན་ནང(སེ་ར་དགོན་པའི་ཉེ་འདབས)སྔར་གྲོང་སྨད་ཅེས་སེ་ར་དགོན་པའི་མཆོད་གཞིས་ཤིག་ཡོད་པ་དེར་སྤྱི་ལོའི་དུས་རབས་བཅུ་བདུན་པར་ཡབ་སྡེ་པ་ཨ་སུག་དང་ཡུམ་བུ་འཁྲིད་གཉིས་ཀྱི་སྲས་སུ་འཁྲུངས་ཤིང།ང་། ཁོང་གི་སྐུ་ཞང་འཕྲིན་ལས་རྒྱ་མཚོས་ཀྱང་སྡེ་སྲིད་ཀྱི་ཐུགས་འགན་བཞེས་པས་ཁྱིམ་ཚང་འདི་ནས་སྡེ་སྲིད་གཉིས་བྱུང་ཞིང།ང་། རྟེན་དུ་སྡེ་སྲིད་ཀྱི་བཞུགས་ཁྲི་དང་སྣུམ་གྱི་རྒྱུན་ཡོད་པས་སྣུམ་རྒྱུན་དེ་ལས་སྡེ་སྲིད་ཀྱིས་མ་ཐེབས་བཞག་གནང་བའི་སེ་རའི་རིགས་གྲྭའི་ཁ་ཟས་བསྲེག་གི་ཡིནཡོད། རྗེས་སུ་ལྷ་བཟང་གིས་སྡེ་སྲིད་བཀྲོངས་པ་ནས་ཁང་ཁྱིམ་རྣམས་སེ་ར་སྤྱི་སོའི་ཁོངས་སུ་སྤྲད་པ་ལགས་སོ།སོ།
- language:
- Tibetan
2. Thupten Phuntsok Dictionary
སྡེ་སྲིད་སངས་རྒྱས་རྒྱ་མཚོ་ནི་གྲོང་ཁྱེར་ལྷ་སའི་བྱང་ངོས་སྤ་རི་དོན་གཅོད་ཁང་ཁོངས་ཉང་བྲན་ནང་(སེ་ར་དགོན་པའི་ཉེ་འདབས)སྔར་གྲོང་སྨད་ཅེས་སེ་ར་དགོན་པའི་མཆོད་གཞིས་ཤིག་ཡོད་པ་དེར་སྤྱི་ལོའི་དུས་རབས་བཅུ་བདུན་པར་ཡབ་སྡེ་པ་ཨ་སུག་དང་ཡུམ་བུ་འཁྲིད་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། ཁོང་གི་སྐུ་ཞང་འཕྲིན་ལས་རྒྱ་མཚོས་ཀྱང་སྡེ་སྲིད་ཀྱི་ཐུགས་འགན་བཞེས་པས་ཁྱིམ་ཚང་འདི་ནས་སྡེ་སྲིད་གཉིས་བྱུང་ཞིང་། རྟེན་དུ་སྡེ་སྲིད་ཀྱི་བཞུགས་ཁྲི་དང་སྣུམ་གྱི་རྒྱུན་ཡོད་པས་སྣུམ་རྒྱུན་དེ་ལས་སྡེ་སྲིད་ཀྱིས་མ་ཐེབས་བཞག་གནང་བའི་སེ་རའི་རིགས་གྲྭའི་ཁ་ཟས་བསྲེག་གི་ཡོད། རྗེས་སུ་ལྷ་བཟང་གིས་སྡེ་སྲིད་བཀྲོངས་པ་ནས་ཁང་ཁྱིམ་རྣམས་སེ་ར་སྤྱི་སོའི་ཁོངས་སུ་སྤྲད་པ་ལགས་སོ། །
- language:
- Tibetan