Skip to main content Skip to search
sde srid ngag gi dbang po
ID:
T234555
  • སྡེ་སྲིད་ངག་གི་དབང་པོ (Tibetan, Tibetan script, Original)
    • > sde srid ngag gi dbang po (Tibetan, Latin script, Transliteration-THL Extended Wylie Transliteration)
    • > dé si ngak gi wangpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཕག་གྲུ་སྡེ་སྲིད་ཁྲི་རབས་བརྒྱད་པའི་འདི་ཉིད་རབ་བྱུང་བདུན་པའི་ས་ལུག(༡༤༣༩)ལོར་གྲགས་པ་འབྱུང་གནས་ཀྱི་སྲས་སུ་སྐུ་བལྟམས། དགུང་ལོ་བཅུ་དྲུག་པར་ཐེལ་གྱི་སྤྱན་སྔར་ཕེབས། དགུང་ལོ་ཞེ་གསུམ་པར་རབ་བྱུང་བརྒྱད་པའི་ལྕགས་གླང(༡༤༨༡)ལོར་ཕག་གྲུའི་སྡེ་སྲིད་ཀྱི་ཁྲིར་ཕེབས། ནང་སོ་མཚོ་སྐྱེས་པས་བློན་ཆེན་དང།ང་། ཐོན་པ་རིན་ཆེན་དར་རྒྱས་ཀྱིས་ཀ་བཞི་བཟུང།ང་། སྡེ་སྲིད་ངག་གི་དབང་པོ་དགུང་ལོ་ཞེ་བདུན་དུ་ཕེབས་པ་རབ་བྱུང་བརྒྱད་པའི་ཤིང་སྦྲུལ(༡༤༨༥)ལོར་རྒྱལ་རྩེ་དང་དབུས་སུ་སྡེ་གཟར་བྱུང་རུང་ངག་གི་དབང་པོ་ཉིད་གང་ལའང་མ་ཕྱོགས་པར་སྤྱི་དཔོན་དུ་བཞུགས་ཏེ་བར་འདུམ་ཁོ་ན་མཛད་པས་སྡེ་གཟར་གྱི་ཡོ་འཁྱོམས་ཆེ་བ་མ་བྱུང།ང་། དེ་དུས་རིན་སྤུངས་པ་ཤུགས་རྒྱས་པའི་སྐབས་ལ་བརྟེན་ཆོས་ལུགས་ཀྱི་ཀུན་སློང་འཐེན་འཁྱེར་བྱས་ཏེ་སྣེའུ་པའི་ལག་ནས་རྫོང་གཞིས་འགའ་ཤས་འཕྲོག་སྐབས་དེར་ལྷ་རིགས་རླངས་ཀྱི་གདུང་འཛིན་པ་སྤྱན་སྔ་ཉིད་མ་གཏོགས་མེད་པས་བློན་པོ་འགའ་ཤས་གྲོས་ཏེ་རྫོང་ཁ་བའི་སྲས་མོ་ཞིག་གོང་མ་ངག་གི་དབང་པོའི་བདག་མོར་ཕུལ་བ་དེ་ལ་སྲས་ངག་དབང་བཀྲ་ཤིས་གྲགས་པ་འཁྲུངས། སྡེ་སྲིད་འདི་ཉིད་ཀྱིས་འགོས་ལོ་གཞོན་ནུ་དཔལ་གྱི་ཞབས་ལ་གཏུགས་པ་དང།ང་། དཔལ་ཆོས་ཀྱི་གྲགས་པ་ཡོངས་འཛིན་དུ་བསྟེན་ནས་ཟབ་ཆོས་མང་པོ་གསན་བསམ་མཛད། རྩེད་ཐང་གི་མཚན་ཉིད་པ་རྣམས་དང།ང་། སྒྲུབ་མཆོད་ཆེ་མོ་བཅས་ལ་བདག་རྐྱེན་བཟང་པོ་མཛད། ཐང་སྟོང་རྒྱལ་པོ་ཉང་པོ་གྲུ་ལ་ལྕགས་ཟམ་འཛུགས་པར་མཐུན་རྐྱེན་གང་ལེགས་སྦྱར་བ་སོགས་རྣམ་དཀར་གྱི་མཛད་པ་རྒྱ་ཆེ་བ་ཡབ་ལས་ལྷག་པ་བསྐྱངས་ཏེ་མཐར་དགུང་ལོ་ང་གཉིས་ལ་ཕེབས་པ་རབ་བྱུང་བརྒྱད་པའི་ལྕགས་ཁྱི(༡༤༩༠)ལོར་སྐུ་གཤེགས། ཆུ་གླང་(༡༤༩༣)ལོར་མིང་གོང་མས་སྡེ་སྲིད་ངག་གི་དབང་པོར་ཝང་ཞཆས་ཞེས་པ་རྒྱལ་པོའི་ཆོ་ལོ་དང་གནང་སྦྱིན་གནང།ང་། སྤྱན་སྔ་རིན་པོ་ཆེ་དགོངས་པ་རྫོགས་ཟིན་སྟབས་གནང་སྦྱིན་རྣམས་ཕྱག་མཛོད་ལ་བསྩལ་ནས་གོང་མའི་ཕོ་ཉར་ཕྱིར་ལོག།ག

language:
Tibetan

2. Thupten Phuntsok Dictionary

ཕག་གྲུ་སྡེ་སྲིད་ཁྲི་རབས་བརྒྱད་པ་འདི་ཉིད་རབ་བྱུང་བདུན་པའི་ས་ལུག(༡༤༣༩)ལོར་གྲགས་པ་འབྱུང་གནས་ཀྱི་སྲས་སུ་སྐུ་བལྟམས། དགུང་ལོ་ཞེ་གསུམ་པ་རབ་བྱུང་བརྒྱད་པའི་ལྕགས་གླང་སྤྱི་ལོ་(༡༤༨༡)ལོར་ཕག་གྲུའི་སྡེ་སྲིད་ཀྱི་ཁྲིར་ཕེབས། དཔལ་ཆོས་ཀྱི་གྲགས་པ་ཡོངས་འཛིན་དུ་བསྟེན་ནས་ཟབ་ཆོས་མང་པོ་གསན་བསམ་མཛད། རྩེད་ཐང་གི་མཚན་ཉིད་པ་རྣམས་དང་། སྒྲུབ་མཆོད་ཆེ་མོ་བཅས་ལ་བདག་རྐྱེན་བཟང་པོ་མཛད། ཐང་སྟོང་རྒྱལ་པོ་ཉང་པོ་གྲུ་ལ་ལྕགས་ཟམ་འཛུགས་པར་མཐུན་རྐྱེན་གང་ལེགས་སྦྱར་བ་སོགས་རྣམ་དཀར་གྱི་མཛད་པ་རྒྱ་ཆེ་བ་ཡབ་ལས་ལྷག་པ་བསྐྱངས་ཏེ་མཐར་དགུང་ལོ་ང་གཉིས་ལ་ཕེབས་པ་རབ་བྱུང་བརྒྱད་པའི་ལྕགས་ཁྱི་སྤྱི་ལོ་(༡༤༩༠)ལོར་སྐུ་གཤེགས།

language:
Tibetan