Skip to main content Skip to search
sde srid 'phrin las rgya mtsho
ID:
T234557
  • སྡེ་སྲིད་འཕྲིན་ལས་རྒྱ་མཚོ (Tibetan, Tibetan script, Original)
    • > sde srid 'phrin las rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
    • > dé si trinlé gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཇའི་སང་སྡེ་པའམ་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོ་འདི་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་མེས་པོ་ཡིན། གྲོང་སྨད་ཅེས་པ་ཁྱིམ་གྱི་མཡིང་མིང་ཡིན་ཞིང།ང་། ལྷ་སའི་ཉང་བྲན་གྱི་མདར་ཡོད། གཙང་པ་སྡེ་སྲིད་ཀྱིས་དབང་སྒྱུར་སྐབས་བཀའ་དགེའི་བར་གྱི་འཁྲུག་རྩོད་ནང་གྲོང་སྨད་པས་དགའ་ལྡན་ཕོ་བྲང་པར་སྨན་པའི་བྱ་བ་དུ་མ་མཛད་ཡོད་ཅི། གྲོང་སྨད་འཕྲིན་ལས་རྒྱ་མཚོར་ཇའི་སང་སྡེ་པ་ཞེས་ཀྱང་འབོད། དགའ་ལྡན་ཕོ་བྲང་པའི་སྲིད་དབང་བཙུགས་རྗེས་བར་རབ་བྱུང་བཅུ་གཅིག་པའི་ཆུ་འབྲུག(༡༦༥༢)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་པེ་ཅིན་དུ་ཕེབས་སྐབས་ཇའི་སང་སྡེ་པ་འཕྲིན་ལས་རྒྱ་མཚོ་ཆིབས་ཞབས་སུ་ཕེབས། གོང་མ་ཤུན་ཀྲིས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པར་མཇལ་འཕྲད་གནང་སྐབས་ཇའི་སང་སྡེ་པ་འཕྲིན་ལས་རྒྱ་མཚོ་ཡང་མཇལ་འཕྲད་ནང་ཞུགས་ཡོད་པ་མ་ཟད་གོང་མས་གནང་ཆ་ཡང་བསྩལ། རབ་བྱུང་བཅུ་གཅིག་པའི་མེ་བྱ(༡༦༥༧)ལོར་སྡེ་སྲིད་བསོད་ནམས་ཆོས་འཕེལ་(བསོད་ནམས་རབ་བརྟན་ནམ་རྒྱ་ལེ་ཆོས་མཛད་ཡང་ཟེར)སྐུ་འདས་ཤིང།ང་། ལྕགས་བྱི(༡༦༦༠)ལོར་འཕྲིན་ལས་རྒྱ་མཚོས་སྡེ་སྲིད་ཀྱི་འགན་བཞེས། ལས་ཐམ་ནག་པོ་གླིང་གསུམ་མ་ཞིག་ཡོད། ཉང་བྲན་དུ་ཡོད་པའི་གྲོང་སྨད་པའི་འཛིན་ཁོངས་སུ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པར་ས་བརྟག་ཞུས་ནས་ཆུ་བཟང་རི་ཁྲོད་བཏབ། ཆུ་སྟག(༡༦༦༢)ལོར་འབྲས་མོ་ལྗོངས་ཀྱི་རྒྱལ་པོ་ཕུན་ཚོགས་རྣམ་རྒྱལ་གྱི་སྲས་རྒྱལ་པོ་བསྟན་སྲུང་རྣམ་རྒྱལ་མཆོག་ལྔ་པ་ཆེན་པོ་མཇལ་བར་ལྷ་སར་ཕེབས་སྐབས་སྡེ་སྲིད་འཕྲིན་ལས་རྒྱ་མཚོ་དང་མཇལ་བར་རྒྱལ་སྲས་ཀྱིས་སྡེ་སྲིད་མཆོག་ལས་ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག་སྐོར་ལ་སློབ་སྟོན་མང་པོ་ཞུ་གནང་མཛད། ཤིང་སྦྲུལ(༡༦༦༥)ལོར་གོང་མ་ཁང་ཤིས་ཀྱི་རེ་སྐུལ་ལྟར་བྱམས་གླིང་མཁན་པོ་ཚུལ་ཁྲིམས་རྒྱལ་མཚན་དང་ཁང་གསར་རབ་བརྟན་གཉིས་ཆེད་གཏོང་གིས་རྒྱ་སོག་ས་མཚམས་འཁེལ་བའི་སོག་པོའི་སྡེ་དཔོན་རྣམས་ལ་རང་སྡེ་རང་བཟུང་དང་ས་མཚམས་འཁེལ་བའི་རྒྱ་སྡེ་རྣམས་ལ་སུན་གཙེར་མ་བྱས་པར་སྔར་ལུགས་ཚོང་གི་འབྲེལ་བ་དམ་ཟབ་བྱེད་དགོས་པའི་བཀའ་སློབ་གནང་བས་འཁོན་རྩོད་ཞི་འཇགས་དང་ཚོང་འབྲེལ་སྔར་སོར་ཆུད་པ་བྱུང།ང་། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའིབཀའ་བཀོད་དགོངས་དོན་ཇི་བཞིན་བསྟན་སྲིད་བྱ་བ་ལོ་དགུ་བསྒྲུབས་ནས་ས་སྦྲེལ(༡༦༦༨)ལོར་འདས་པའི་ཞབས་མཇུག་ཏུ་འབྲས་སྤུངས་ཚོགས་ཆེན་འདུ་ཁང་གི་ནུབ་ངོས་སུ་ཀླུ་འབུམ་ཁང་ནང་དངུལ་གྱི་མཆོད་རྟེན་ཞིག་ཡོད།

language:
Tibetan

2. Thupten Phuntsok Dictionary

ཇའི་སང་སྡེ་པའམ་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོ་འདི་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་མེས་པོ་ཡིན། གྲོང་སྨད་ཅེས་པ་ཁྱིམ་གྱི་མིང་ཡིན་ཞིང་། ལྷ་སའི་ཉང་བྲན་གྱི་མདར་ཡོད། གཙང་པ་སྡེ་སྲིད་ཀྱིས་དབང་སྒྱུར་སྐབས་བཀའ་དགེའི་བར་གྱི་འཁྲུག་རྩོད་ནང་གྲོང་སྨད་པས་དགའ་ལྡན་ཕོ་བྲང་པར་སྨན་པའི་བྱ་བ་དུ་མ་མཛད་ཡོད་ཅིང་། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་བཀའ་བཀོད་དགོངས་དོན་ཇི་བཞིན་བསྟན་སྲིད་བྱ་བ་ལོ་དགུ་བསྒྲུབས་ནས་ས་སྤྲེལ་སྤྱི་ལོ(༡༦༦༨)ལོར་འདས།

language:
Tibetan