- sde srid bshad sgra dbang phyug rgyal po
- ID:
- T234558
- སྡེ་སྲིད་བཤད་སྒྲ་དབང་ཕྱུག་རྒྱལ་པོ (Tibetan, Tibetan script, Original)
- > sde srid bshad sgra dbang phyug rgyal po (Tibetan, Latin script, Transliteration-THL Extended Wylie Transliteration)
- > dé si shé dra wangchuk gyalpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
པ་སྣམ་ཁུལ་སྒེར་སྤེལ་བཞི་པའི་མི་སྟེ། རྒྱུད་ཐོག་ཆུང་དུས་སྤེལ་བཞི་ཆོས་མཛད་ཟེར་བ་སྟེ། ཐོག་མར་བཤེད་བཤད་སྒྲ་བཀའ་བློན་དོན་གྲུབ་རྡོ་རྗེ་བསམ་ཡས་ཉམས་གསོར་བཞུགས་སྐབས་ཕན་ཚུན་ངོ་ཤེས་བྱུང་བ་དང་འབྲེལ་བ་དམ་པོ་བྱུང་ཞིང།ང་། དབང་ཕྱུག་རྒྱལ་པོ་བསམ་ཡས་དཀར་མེའི་ལས་ཀ་བྱས་རྗེས་རྩིས་ཆད་ཀྱི་རྐྱེན་པས་ཞོལ་ལས་ཁུངས་སུ་དོ་དམ་གནང་བ་དང།ང་། རྩིས་ཆད་སྒྲུབ་དམིགས་མེད་རྐྱེན་སྐེར་སྒོ་ཞག་བདུན་གཡོག་ཏེ་རྡོལ་གཞིས་སུ་ས་འཛིན་གཏོང་རྒྱུའི་སྔོན་དུ་ཞོལ་རྡོ་རིང་སྒང་དུ་འཇོག་རིང་བཀའ་བློན་དོན་གྲུབ་རྡོ་རྗེ་རྩེར་ཕེབས་སྐབས་གཟིགས་ཏེ། བཀའ་ཤག་ལ་བཀའ་མོལ་ཞུས་ནས་དཀར་མེའི་རྩིས་ཆད་རྣམས་བཤད་སྒྲ་རང་ནས་སྒྲུབ་འབུལ་ཞུལ་རྒྱུ་དང།ང་། དེ་བདག་སྤེལ་བཞི་ཆོས་མཛད་བཤད་སྒྲར་གསོལ་རས་ཞུས་ཆོག་པ་ཞེས་སྙན་ཞུ་ཕུལ་བར་རྒྱལ་བློན་བཀའ་འཕྲོལ་བྱུང་བ་ལྟར་ཞོལ་ལས་ཁུངས་ནས་བསླུས་ཏེ་བཤད་སྒྲར་ཉར་གནང་གིས་ཕྱི་འགྲོ་སོགས་ལས་དོན་བྱ་མུར་བཤད་སྒྲའི་སྲས་མོ་དང་གཉེན་སྒྲིག་བྱུང་ཞིང།ང་། དབང་ཕྱུག་རྒྱལ་པོ་འདི་ཉིད་འཇོན་ཐང་ཆེ་ལ་ཡིག་རྩིས་ཡག་པོ་ཡོད་པ་དང་བཤད་སྒྲ་བཀའ་བློན་དོན་གྲུབ་རྡོ་རྗེ་ནི་མི་དཔྱད་བརྟག་པར་མཁས་ཤིང་རིགས་སྲས་མེད་པ་བཅས་ལ་བརྟེན་བཤད་སྒྲའི་མིང་ཐོག་ནས་ཞབས་སྡོད་ཞུ་གནང་མཛད། དེ་ནས་རིམ་བཞིན་རབ་བྱུང་བཅུ་བཞི་པའི་ཤིང་རྟ་(༡༨༣༤)ལོར་བོད་དང་ལ་དྭགས་དམག་འཁྲུག་སྐབས་དབུས་མདའ་དཔོན་དབང་ཕྱུག་རྒྱལ་པོས་དབུས་གཙང་ཡུལ་དམག་གི་འགོ་འཁྲིད་ནས་མངའ་རིས་ཕྱོགས་སུ་བསྐྱོད་ནས་ཕ་རོལ་པོའི་དམག་དང་འཐབ་ལག་འཕྲོད་དེ་བོད་དམག་ནས་གདོང་གཏུག་ལག་འཛིངས་བྱས་པའི་སྙིང་པོར་ལ་སིང་གི་དམག་སུམ་བརྒྱ་སྐོར་བསད་པ་དང།ང་། བདུན་བརྒྱ་སྐོར་གསོན་བཟུང་བྱས་པའི་ཁོངས་སུ་ལ་དྭགས་པའི་བཀའ་བློན་གཉིས་ཀྱང་ཡོད་པ་ཚང་མ་སྐྱེལ་མི་དང་བཅས་དབུས་གཙང་གི་ཕྱོགས་སུ་བརྫངས། དེ་དང་དེ་འདྲའི་དམག་འཐབ་རིམ་པ་བྱས་པ་བརྒྱུད་མཐར་རྒྱལ་པོར་བཀའ་བློན་གྱི་གོ་གནས་ཐོབ། དེ་ནས་མོན་པ་ཤེས་རབ་གྲགས་པས་ཕྱི་རྒྱལ་ལ་མགོ་བཅོལ་ནས་མོན་ཁུལ་ཟང་ཟིང་སྐབས་རྟ་དབང་དུ་ཕེབས་ཏེ་མཐའ་འདོམས་ཞིབ་དཔྱོད་མཛད། རབ་བྱུང་བཅུ་བཞི་པའི་ཤིང་འབྲུག(༡༨༤༤)ལོར་བཀའ་བློན་བཤད་སྒྲ་དབང་ཕྱུག་རྒྱལ་པོ་རྨར་ཁམས་དང་བྲག་གཡབ་ས་ངན་སོགས་ལ་ཞིབ་དཔྱོད་དུ་ཕེབས། དེ་ནས་བོད་རབ་བྱུང་བཅུ་བཞི་པའི་ལྕགས་སྦྲེལ(༡༨༦༠)ལོའི་ཡས་མས་སུ་བོད་ཀྱི་སྲིད་སྐྱོང་རྭ་སྒྲེང་ཨལ་ཅི་ཧོ་ཐོག་ཐུ་ངག་དབང་བློ་བཟང་ཡེ་ཤེས་ཚུལ་ཁྲིམས་རྒྱལ་མཚན་ནས་གཏན་ཚིགས་དང་ཤེ་བམ་འགོ་མཆན་ཞུས་རིགས་ཚང་མར་སྲིད་ཐམ་གནང་ཐལ་ཆེ་བར་བརྟེན་ཞབས་པད་བཤད་སྒྲ་དབང་ཕྱུག་རྒྱལ་པོས་བཀའ་བློན་ལྷན་རྒྱས་སར་སྐྱབས་མགོན་སྦུག་གི་ཕྱག་ཐམ་ལའང་སྤྱི་ཁྱབ་མཁན་པོས་ཐམ་འཛིན་ཞུས་ཏེ་སྦུག་ཐམ་སྩལ་སྐབས་རྩེ་སྡེ་དྲུག་ཚང་འཛོམས་ཐོག་གནང་ལམ་ལྟ་བུ་ཞིག་ཡོད་པ་ལྟར་སྲིད་ཐམ་ལའང་དེ་ལྟ་བུ་གནང་ཐུབ་ན་ཆབ་སྲིད་ལ་ཐམ་ཐལ་ལུས་མི་ཚུལ་དགོངས་འཆར་གནང་བ་དེ་སྲིད་སྐྱོང་གི་དགོངས་པར་མ་བབས་པར་དོན་གནད་ཆུང་ངུ་ཞིག་ལ་བསྙད་བཏགས་ཀྱིས་གནས་དབྱུང་སྟེ། སྙེ་མོ་བྱ་སྒོ་གཞིས་སུ་ཚུལ་མཐུན་སྡོད་དགོས་བཀའ་བསྒྱུར་གནང།ང་། བལ་ཡུལ་གྱི་སྲིད་བློན་འཇང་སྦ་ཐུར་རཏྣ་དང་ད་སྔོན་འབྲེལ་འདྲིས་ཡོད་སྟབས་བཤད་སྒྲ་སྙེ་མོར་བཞུགས་རིང་འཚམས་འདྲིའི་ཡི་གེ་འབྱོར་བས་རྐྱེན་བྱས་སྲིད་སྐྱོང་གིས་བཀའ་ཤག་དང་གྲོས་བསྡུས་གྱིས་མདའ་དཔོན་ཐོན་པ་དམག་གི་བཅས་བཏང་སྟེ་སྒྲ་གསོད་ཅེས་ཁ་གསལ་གསུང་མེད་ཀྱང་ཕྱིར་ལྡོག་རྒྱུ་མེད་པ་བཟོ་དགོས་བཀའ་མངག་དང་ཉེས་བསྒྲགས་བཀོད་རྒྱ་དང་བཅས་གཏོང་གནང་མཛད་རུང་མདའ་དཔོན་ཐོན་པས་སྟེ་མོ་བྱ་གཏོང་གནང་མཛད་རུང་མདའ་དཔོན་ཐོན་པས་སྙེ་མོ་བྱ་སྒོ་གཞིས་ཀྱི་སྤྲོ་ཁང་ནང་དམག་མི་དང་བཅས་མཚན་འགེབས་བྱས་ཐོག་སྲིད་སྐྱོང་དང་བཀའ་ཤག་གི་བཀོད་རྒྱ་དེ་བཤད་སྒྲར་ཕུལ་བ་ཞིབ་གཟིགས་ཀྱིས་ཕྱིར་ལྡོག་རྒྱུ་མེད་པ་བཟོ་དགོས་ཟེར་བའི་ཚིག་འདིར་བལྟས་ན་ཕལ་ཆེར་གསོད་རྒྱུ་ཡིན་པ་མཁྱེན་ཏེ། སྔོན་ཆད་ཞབས་ཞུ་བྱས་པ་ནས་བཟུང་བཤད་སྒྲར་འབྱོར་སྟངས་དང།ང་། དེ་ནས་ལས་མཚན་ཐེག་པ་རིམ་འཛེགས་ཀྱིས་ལ་སིང་དམག་གི་བྱས་རྗེས་ལ་བཀའ་བློན་བསྐོ་གཞག་གནང་བ་སོགས་ཞིབ་གསུང་གནང་ནས་ད་སྐབས་གསོད་བརྡུང་ག་རེ་གནང་ནའང་བཀའ་འབྲེལ་བཞིན་གནང་ན་འགྲིག་གི་རེད་ཅེས་གསུང་པ་དང།ང་། ཐོན་པས་བཤད་སྒྲ་གསོད་རྒྱུའི་བསམ་པ་སྐད་ཅིག་ལ་འགྱུར་ཏེ་སྙེ་མོ་རྒྱལ་བྱེད་དགོན་དུ་ཚེ་བཙོན་ལ་ཞག་ཐོག་མདའ་དཔོན་ཐོན་པ་ལྷ་སར་ཕྱིར་འཁོར་ནས་སྲིད་སྐྱོང་དང་བཀའ་ཤག་ལ་བཤད་སྒྲ་ལོ་རྒས་ནད་གཅོང་ལ་བརྟེན་གྲྭ་གཟུགས་བཟོས་ནས་རྒྱལ་བྱེད་ཚལ་དུ་ཕྱིར་མི་ལྡོག་པའི་ཚེ་བཙོན་དུ་བཞག་ཡོད་ཅེས་ཞུས། དེ་རྗེས་བཤད་སྒྲ་དང་དགའ་ལྡན་དགོན་པ་གཉིས་ཐུན་མོང་མ་ཡིན་པའི་མཆོད་ཡོན་ཡིན་སྟབས་དགའ་ལྡན་ཤར་རྩེ་མཁན་པོའི་ཕྱག་མཛོད་དཔལ་ལྡན་དོན་གྲུབ་ཀྱིས་གཙོ་བོ་བྱས་ཏེ་གྲྭ་ཤར་འགའ་ཤས་ཀྱིས་སྙེ་མོར་བཤད་སྒྲ་གང་དུ་བཅུག་ཡོད་མེད་རྟོག་ཞིབ་བྱས་ནས་གྲྭ་པས་བཙོན་སྲུང་བ་དང་འབྲེལ་འདྲིས་ཡོང་ཐབས་ཀྱི་སྣ་རུའི་ནང་ཡིག་འགྲུལ་བརྗེ་རེས་བྱས་ཏེ་མཐར་དགའ་ལྡན་པས་བཤད་སྒྲ་རྒྱལ་བྱེད་དགོན་གྱི་བཙོན་ནས་འདོན་རྒྱུའི་གྲ་སྒྲིག་ཡོད་བཞིན་པའི་ཁར་འབྲས་སྤུངས་རིགས་གྲྭ་ཆེན་མོའི་མཆོད་ཕོགས་ཆག་པའི་སྐོར་ལ་འབྲས་སྤུངས་གྲྭ་དམངས་དང་སྲིད་སྐྱོང་རྭ་སྒྲེང་དབར་ལ་འཁོན་གཞི་བྱུང་བའི་སྐབས་འབྲས་སྤུངས་པའི་རྒྱབ་རྩ་དགའ་ལྡན་པས་བྱས་ཏེ་སྲིད་སྐྱོང་ལ་སྐྱོན་འཛུགས་དང་ངོ་རྒོལ་བྱས་ནས་དགའ་འབྲས་གྲྭ་ཤར་ཁག་གཅིག་གིས་སྙེ་མོ་རྒྱལ་བྱེད་ཚལ་དགོན་ནས་བཀའ་བློན་བཤད་སྒྲ་ལྷ་སར་གདན་འདྲེན་ཞུས་པའི་ཕྱི་ཉིན་དགའ་འབྲས་གཉིས་ནས་ལྷ་སར་ཡོད་པའི་གཞུང་ཞབས་ཚོ་ལྷ་ས་བླ་བྲང་སྟེང་དུ་ཚོགས་འདུ་སྐོང་འཚོགས་བྱས་པ་དང།ང་། ཚོགས་འདུའི་ཐོག་བཤད་སྒྲས་ཁོང་གི་སྔ་ཕྱིའི་ལས་ཀའི་གནས་ཚུལ་དང།ང་། སྤྱི་དོན་སྒེར་ལྷུངས་ཀྱི་ནག་མེད་ཉེས་འགེལ་བྱུང་ཚུལ། སྲིད་སྐྱོང་རྭ་སྒྲེང་གི་གཞུང་དོན་མཛད་འཛོལ་བྱུང་རིགས་ཚང་མ་ཞིབ་གསུངས་རྗེས་ད་ཆ་དགའ་ལྡན་ཕོ་བྲང་པ་དང་བོད་ལྗོངས་མི་དམངས་ཀྱི་དོན་དུ་དགའ་འབྲས་གཉིས་ནས་ལས་འགུལ་བྱེད་རྒྱུའི་འཆར་གཞིའི་སྙིང་པོར་སྲིད་སྐྱོང་རྭ་སྒྲེང་རང་ཉིད་ནས་ཆབ་སྲིད་ཀྱི་ཐུགས་འགན་དགོང་ས་ཞུ་གནང་ན་བརྗོད་མེད་དང་དེ་མིན་དགའ་འབྲས་གཉིས་ནས་ངོ་རྒོལ་མཐར་སྐྲོད་བྱེད་རྒྱུ་སོགས་མཐའ་ཚིག་ཆེན་པོ་གནང་རྗེས་སྲིད་སྐྱོང་གི་ཕྱོགས་སུ་སེར་བྱེས་གྲྭ་ཚང་གཅིག་པུ་ལས་མེད་གཤིས། སྐུ་བཅར་སྤྱི་མཁན་དང་དར་ཧན་བློ་བཟང་འཕྲིན་ལས་དང།ང་། སྲིད་སྐྱོང་སྐུ་ཉེ་ཞབས་པད་བཀྲ་ཤིས་ཁང་གསར་སོགས་སེ་རར་བྲོས། དེར་ཡང་བཞུགས་བློས་མ་བཟོས་པར་རྒྱ་ནག་ཏུ་བྲོས་ཕེབས། དེ་ཕྲལ་དགའ་འབྲས་དྲུང་སྤྱིས་མཚོན་བོད་ལྗོངས་སེར་སྐྱ་ཚོས་སྤྱི་ཞུས་ལྟར་སྐྱབས་མགོན་རྒྱལ་དབང་འཕྲིན་ལས་རྒྱ་མཚོ་མཆོག་དགུང་གྲངས་བདུན་ལས་མ་ཕེབས་ཀྱང་ཕྱི་རྒྱར་ལུགས་གཉིས་ཀྱི་ཐུགས་འགན་ཚུལ་བཞེས་ཐོག།ག ནང་དོན་སྲིད་དོན་ཕྱག་རོགས་ཞབས་ཞུར་བཀའ་ཟུར་བཤད་སྒྲ་དབང་ཕྱུག་རྒྱལ་པོར་ནོ་མི་ཧན་གྱི་ཆོ་ལོ་དང་བཅས་སྲིད་སྐྱོང་བསྐོ་གཞག་གནང།ང་། བཤད་སྒྲ་རྟེན་སྐྱ་བོ་ཡིན་ཡང་དབུ་སྐྲ་བཞར་བས་གྲྭ་གཟུགས་ལ་རྟེན་ན་བཟའ་བཞེས་ཕྱོགས་སྡེ་སྲིད་འདྲ་བ་མི་བཞེས་མཐུ་མེད་བྱུང་བས་སྡེ་སྲིད་བཤད་སྒྲ་ཞེས་གྲགས། སྲིད་སྐྱོང་རྭ་སྒྲེང་ནས་པེ་ཅིང་དུ་མན་ཇུ་གོང་མར་རྒྱབ་གཉེར་ཡོང་བའི་རེ་ཞུ་གནང་ཡང་ནུས་ཐོན་མ་བྱུང་བས་ལྷ་སྡོད་མན་ཆིང་ཨམ་བན་བརྒྱུད་སྡེ་སྲིད་བཤད་སྒྲར་ལྷ་རབ་སྲིད་སྐྱོང་མཚན་གནས་རང་འཇགས་ཐོག་བོད་ལ་ཕྱིར་ལོག་ཆོག་པ་དང་མཆོད་གཞིས་ཁར་དབང་རང་འཇགས་ཡོང་བའི་སྐྱབས་བསྐུལ་ཞུས་པས་སྡེ་དང་བཀའ་ཤག་བཅས་ཀྱིས་ཧོ་ཐོག་ཐུའི་མཚན་གནས་རང་འཇགས་ཐོག་གདན་ས་རྭ་སྒྲེང་ལ་ཚུལ་མཐུན་གྱིས་བཞུགས་རྒྱུ་དང།ང་། ཁྲི་ཆེན་ངག་དབང་མཆོག་ལྡན་གྱི་སྐུ་དུས་སུ་བདག་པའི་མཆོད་གཞིས་མ་གཏོགས་རྒྱལ་ཐོག་འདི་སྐབས་གསར་ཆོད་ཚང་མ་གཞུང་བཞེས་གནང་རྒྱུའི་བཀའ་ལན་གནང།ང་། རྭ་སྒྲེང་རྒྱ་ནག་ནས་བོད་དུ་ཕྱིར་ཕེབས་སྐབས་ལམ་དུ་སྐུ་གཤེགས། སྡེ་སྲིད་བཤད་སྒྲ་རང་གི་བློ་ཉེ་དགའ་ལྡན་ཤར་རྩེ་མཁན་པོའི་ཕྱག་མཛོད་དཔལ་ལྡན་དོན་གྲུབ་ལ་གཞུང་གི་ཞབས་སྡོད་ཐོག་བླ་ཕྱག་མཁན་ཆུང་གི་གོ་གནས་སྤྲད། སྡེ་སྲིད་བཤད་སྒྲ་ནོ་མིན་ཧན་གྱིས་ལོ་ངོ་གསུམ་རིང་ཆབ་སྲིད་ཀྱི་ཐུགས་འགན་བཞེས་མཐར་རབ་བྱུང་བཞི་པའི་ཤིང་བྱི་(༡༨༦༤)ལོའི་བོད་ཟླ༨ཚེས་༢༨ཉིན་ནོར་གླིང་ལྷུན་གྲུབ་དགའ་ཚལ་དུ་སྐུ་འདས།
- language:
- Tibetan
2. Thupten Phuntsok Dictionary
པ་སྣམ་ཁུལ་སྒེར་སྤེལ་བཞི་པའི་མི་སྟེ། རྒྱུད་ཐོག་ཆུང་དུས་སྤེལ་བཞི་ཆོས་མཛད་ཟེར་བ་སྟེ། ཐོག་མར་བཤད་སྒྲ་བཀའ་བློན་དོན་གྲུབ་རྡོ་རྗེ་བསམ་ཡས་ཉམས་གསོར་བཞུགས་སྐབས་ཕན་ཚུན་ངོ་ཤེས་བྱུང་བ་དང་འབྲེལ་བ་དམ་པོ་བྱུང་ཞིང་། དབང་ཕྱུག་རྒྱལ་པོ་འདི་ཉིད་འཇོན་ཐང་ཆེ་ལ་ཡིག་རྩིས་ཡག་པོ་ཡོད་པ་དང་བཤད་སྒྲ་བཀའ་བློན་དོན་གྲུབ་རྡོ་རྗེ་ནི་མི་དཔྱད་བརྟག་པར་མཁས་ཤིང་། རིགས་སྲས་མེད་པ་བཅས་ལ་བརྟེན་བཤད་སྒྲའི་མིང་ཐོག་ནས་ཞབས་སྡོད་ཞུ་གནང་མཛད། སྡེ་སྲིད་བཤད་སྒྲ་ནོ་མིན་ཧན་གྱིས་ལོ་ངོ་གསུམ་རིང་ཆབ་སྲིད་ཀྱི་ཐུགས་འགན་བཞེས་མཐར་རབ་བྱུང་བཅུ་བཞི་པའི་ཤིང་བྱི་སྤྱི་ལོ(༡༨༦༤)ལོའི་བོད་ཟླ༨ཚེས༢༨ཉིན་ནོར་གླིང་ལྷུན་གྲུབ་དགའ་ཚལ་དུ་སྐུ་གཤེགས།
- language:
- Tibetan