- na ga ra
- ID:
- T234712
- ན་ག་ར (Tibetan, Tibetan script, Original)
- > na ga ra (Tibetan, Latin script, Transliteration-THL Extended Wylie Transliteration)
- > na ga ra (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
བུ་སྟོན་རིན་པོ་ཆེས་མཛད་པའི་《བདེ་མཆོག་ཆོས་འབྱུང་》ལས། རྒྱ་གར་བྱང་ཕྱོགས་བལ་ཡུལ་དང་ཁད་ཉེ་བར་ཆུ་བོ་གདྒའི་འགྲམ་དུ་གྲོང་ཁྱེར་པ་ཏྲའམ་(བོད་སྐད་དུ་སྐྱ་ནར་གྱི་བུའམ་སྐྱ་བོའི་བུ་)དེང་སང་པ་ཋ་ན་ཞེས་ནཱ་ག་རའི་ཡི་གེ་བྱུང་སའི་ཡུལ་དེ་ཡིན་པར་གསུངས་ལ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་《རྒྱ་གར་གནས་ཆེན་ཁག་གི་ལམ་ཡིག་》ལས་ཡུ་དེ་ནི་རྒྱལ་པོ་མྱ་ངན་མེད་པའི་རྒྱལ་ས་ཡིན་པ་དང་དེར་རྒྱལ་པོའི་ཕོ་བྲང་གི་ཤུལ་དང་། བཙུན་མོའི་འདྲ་བརྙན། གཞན་གནའ་རབས་ཀྱི་སྐུ་བརྙན་མང་པོ་ཡོད་པར་གསུངས། ནཱ་ག་རའི་ཡི་གེ་ནི་རྣ་རི་ཀའི་ཡིག་གཟུགས་དེ་ལས་མགོ་གྱེན་དུ་གཟེད་པ་ཞིག་སྟེ། དེ་ལ་བྲི་སྟངས་མི་འདྲ་བ་དྲུག་ཡོད་པར་བཤད་ཅིང་། དེའི་དཔེ་རིས་ཀྱང་《ཡི་རིས་སྣ་ཚོགས་ཀྱི་ཕྱི་མོ་》ཞེས་པའི་དཔེ་དེབ་དེའི་ཤོག་གྲངས་༥ནས་༧བར་གསལ།
- language:
- Tibetan
2. Thupten Phuntsok Dictionary
བུ་སྟོན་རིན་པོ་ཆེས་མཛད་པའིབདེ་མཆོག་ཆོས་འབྱུང》ལས། རྒྱ་གར་བྱང་ཕྱོགས་བལ་ཡུལ་དང་ཁད་ཉེ་བར་ཆུ་བོ་གངྒའི་འགྲམ་དུ་གྲོང་ཁྱེར་པ་ཏྲ་ལི་པུ་ཏྲའམ་ (བོད་སྐད་དུ་སྐྱ་ནར་གྱི་བུའམ་སྐྱ་བོའི་བུ) དེང་སང་པ་ཋ་ན་ཞེས་ནཱ་ག་རའི་ཡི་གེ་བྱུང་སའི་ཡུལ་དེ་ཡིན་པར་གསུངས་ལ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའིརྒྱ་གར་གནས་ཆེན་ཁག་གི་ལམ་ཡིག》ལས་ཡུལ་དེ་ནི་རྒྱལ་པོ་མྱ་ངན་མེད་ཀྱི་རྒྱལ་ས་ཡིན་པ་དང་། དེར་རྒྱལ་པོའི་ཕོ་བྲང་གི་ཤུལ་དང་། བཙུན་མོའི་འདྲ་བརྙན། གཞན་གནའ་རབས་ཀྱི་སྐུ་བརྙན་མང་པོ་ཡོད་པར་གསུངས། ནཱ་ག་རའི་ཡི་གེ་ནི་རྣ་རི་ཀའི་ཡིག་གཟུགས་དེ་ལས་མགོ་གྱེན་དུ་གཟེད་པ་ཞིག་སྟེ། དེའི་དཔེ་རིས་ཀྱངཡིག་རིས་སྣ་ཚོགས་ཀྱི་ཕྱི་མོ》ཞེས་པའི་དཔེ་དེབ་དེའི་ཤོག་གྲངས༥ནས༧བར་གསལ།
- language:
- Tibetan
3. Negi Tibetan-Sanskrit Dictionary
-
nā. nagaram, upapīṭham — ཉེ་གནས་མཱ་ལ་ཝ་ཞེས་བརྗོད། /སིན་དྷུ་ན་ག་ར་ཉིད་དོ༎ upapīṭhaṃ mālavaṃ proktaṃ sindhurnagarameva ca
- language:
- Sanskrit
-
he.ta.8ka/22.
- language:
- Sanskrit